དགེ་ལེགས་ཕུག་ཁྲོམ་གྱི་ མཐོང་སྣང་།

དགེ་ལེགས་ཕུག་ཁྲོམ་ཁར་ ཕྱི་མི་ཚུ་གིས་བཙུགས་མི་ ཚོང་ཁང་ཚུ་ སྒོ་བསྡམ་དགོཔ་བྱུང་དོ་ཡོདཔ།

༉ དགེ་ལེགས་ཕུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ མ་ཐོན་པར་ལོ་༡ དེ་ཅིག་ ལང་ནི་འབད་དོ་ཡོདཔ་ལས་ མ་འོངས་པ་ལུ་ ཚོང་འབྲེལ་སྦོམ་འཐབ་ནིའི་ འོས་འབབ་སྦོམ་ཡོད་མི་ཚུ་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས།

ནད་ཡམས་ཤོ་ཐེངས་༣ པ་ འཐོན་ནིའི་ཉེན་ཁ་ཡོདཔ་ལས་ ཁྲོམ་ཁར་ཚོང་ཁང་བཙུགས་མི་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ ཧེ་མའི་ གནས་སྟངས་ཐོག་ལུ་ མགྱོགས་པར་ལྷོད་ནི་བཟུམ་ཅིག་མེདཔ་ལས་ ཚོང་ལཱ་བཀོག་བཞག་ནིའི་ འཆར་གཞི་ཡོདཔ་ཨིན་པས།

གཞུང་འབྲེལ་གྱི་ གནས་སྡུད་མེད་རུང་ ས་མཚམས་སྒོ་ར་ བསྡམས་བཞིན་དུ་ཡོདཔ་ལས་ ཕྱི་མི་༢ ཀྱིས་ ཚོང་ཁང་ཚུ་ བཀོག་བཞག་སྟེ་ སོང་ཡོདཔ་ཨིན་པས།

ནད་ཡམས་ཐོན་པའི་ཤུལ་ལས་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་བཙུགས་མི་ ཚོང་ཁང་ཚུ་ ཧེ་མ་བཟུམ་སྦེ་ ཚོང་འབྲེལ་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ནད་ཡམས་ཐོན་པའི་ཤུལ་ལས་ རྒྱ་གར་གྱི་ལས་མི་ཚུ་ ལོག་ཁྱིམ་ནང་སོང་ནི་དེ་གིས་ ལས་མི་ཐེབས་བཙུགས་མ་ཚུགས་པར་ ཡོདཔ་ད་ ད་ལྟོ་ཡང་ མཁོ་ཆེ་བའི་བཟའ་འཐུང་དང་ གློ་བུར་གྱི་འགྲོ་འགྲུལ་མ་གཏོགས་ སྒོ་ར་བསྡམས་ཏེ་ར་ ཡོདཔ་ཨིན་ པས།

དགེ་ལེགས་ཕུག་ལུ་ ལཱ་འབད་མི་ཚུ་ ཁྱིམ་ནང་འགྱོ་མ་ཚུགས་པར་ ལོ་༢ དེ་ཅིག་ ལང་ནི་འབད་དོ་ཡོདཔ་ད་ འགྱོ་མི་ཚུ་ཡང་ ལོག་འོང་མ་ཚུགས་པར་ ཡོདཔ་ཨིན་པས།

དགེ་ལེགས་ཕུག་ལུ་ ལཱ་འབད་སྡོད་མི་ ཕྱིའི་ལས་མི་ བཱཇ་རང་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཚོང་ཁང་བཙུགས་ནི་ལུ་ གདོང་ལེན་ཡོད་ནི་དེ་གིས་ ཚོང་ཁང་གི་ ཇོ་བདག་མང་ཤོས་ཀྱིས་ བཞག་ནིའི་སྐོར་ལས་ སླབ་ནི་འདུག་ཟེར་ཨིན་པས།

མང་ཤོས་ཀྱིས་ ས་གནས་ཀྱི་མི་ཚུ་གིས་ རྒྱ་གར་གྱི་ལས་མི་ཚུ་གིས་འབད་མི་ ལཱ་ཚུ་ལུ་ དང་འདོད་མི་བསྐྱེད་དོ་ཡོདཔ་ལས་ ལས་མི་འཐོབ་མ་ཚུགས་ནི་དེ་གིས་ ཚོང་ལཱ་བཀོག་བཞག་ནིའི་ མནོ་བསམ་བཏང་སྟེ་འདུག་ཟེར་ཨིན་པས།

ཁོ་གིས་བཤད་མིའི་ནང་ ས་གནས་ཀྱི་མི་ཚུ་ རིག་རྩལ་དང་ ཉམས་མྱོང་མེད་པའི་ཁར་ ལས་མི་ཚུ་ལེན་ནི་དང་ ནང་མི་ཚུ་ལེན་ནི་དེ་ཡང་ དཀའ་ངལ་འདུག་ཟེར་ཨིནམ་ད་ ཁྲོམ་ཁར་སྡོད་མི་ཚུ་ཡང་ ལོག་འོང་ནི་ལུ་ ལཱ་ཁག་ཡོདཔ་ཨིནམ་ཤེས་ཏེ་ མ་འགྱོ་ བར་སྡོད་ནུག་ཟེར་ ཁོ་གིས་བཤདཔ་ཨིན་པས།

སྦུང་ཚོང་བཀྲམ་སྤེལ་འབད་མི་ ཇོ་བདག་ཅིག་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་དེ་གིས་ ཚོང་འབྲེལ་ལུ་ ཐོ་ཕོག་ནི་དེ་གིས་ བཟའ་འཐུང་གི་གོང་ཚད་ ཡར་སེང་འགྱོ་ནི་ལུ་ ལྷན་ཐབས་འབད་ནི་མས་ཟེར་ཨིན་པས།

ས་གནས་ཀྱི་ཚོང་འབྲེལ་འཐབ་མི་ཚུ་ལུ་ ལྕོགས་གྲུབ་ཡོད་རུང་ མ་རྩ་གཞི་བཙུགས་དང་འཁྲིལ་དགོ་པས་ཟེར་ ཁོ་གིས་བཤད་ པའི་ཁར་ ང་བཅས་ཀྱིས་ ཚོང་འབྲེལ་དེ་ བློ་གཏད་ཐོག་ལས་ འབད་དོ་ཟེར་ཨིན་པས།

ཚོང་ཁང་ནང་འབག་འོང་མི་ ཚོང་ཆས་བརྒྱ་ཆ་༩༠ དེ་ཅིག་ སྐྱིན་འགྲུལ་ཐོག་ལས་ བཀྲམ་སྤེལ་འབདཝ་ཨིན་ཟེར་ དགེ་ལེགས་ ཕུག་སྣ་ཚོགས་ཚོང་ཁང་གི་ ལས་བྱེདཔ་ཅིག་གིས་ བཤདཔ་ཨིན་པས།

སྣ་ཚོགས་ཚོང་ཁང་གི་ ཇོ་བདག་དེ་ ནད་ཡམས་ཀྱི་སྒྲིག་གཞི་དང་འཁྲིལ་ སྒོ་ར་བསྡམས་པའི་ཤུལ་ལས་ ལོག་འོང་མ་ཚུགས་ པར་ ལུས་ཡོདཔ་ཨིན་པས།

ཉི་མ་སྣ་ཚོགས་ཚོང་ཁང་དེ་ ཁྲོམ་ཁར་ རྙིང་ཤོས་ཅིག་ཨིན་རུང་ དེ་ཡང་ ཟླཝ་དག་པ་ཅིག་གི་ནང་འཁོད་ལུ་ སྒོ་བསྡམ་ནིའི་ འཆར་གཞི་ཡོདཔ་ད་ ཚོང་ཁང་ནང་ཡང་ ད་ལྟོ་ ལས་མི་མེད་པའི་ གདོང་ལེན་བྱུང་ཡོདཔ་ཨིན་པས།

རི་ན་དེ་ཝི་གིས་ སླབ་མིའི་ནང་ ས་གནས་ཀྱི་མི་ཚུ་གིས་ ལཱ་འབད་མི་བཏུབ་པས་ཟེར་ཨིནམ་ད་ རེ་གཉིས་ཀྱིས་ ཟླཝ་དག་པ་ ཅིག་གི་རིང་ ལཱ་འབད་བའི་ཤུལ་ལས་ སྡོད་མི་བཏུབ་པས་ཟེར་ཨིནམ་ད་ མོ་རང་ཡང་ སྨན་བཅོས་དོན་ལུ་ འགྱོ་དགོཔ་ཐོན་ ཡི་ཟེར་ཨིན་པས།

ཨ་ཤོག་ཟ་ཁང་དེ་ ད་རེས་ འབྲུག་པའི་ཟ་ཁང་གི་ ཇོ་བདག་ཅིག་གིས་ ལེན་ཏེ་ཡོདཔ་ད་ དེ་ཡང་ ནད་ཡམས་སྐབས་ རྒུད་ཕོག་པའི་ཤུལ་ལས་ འབྲུག་མི་ཅིག་ལུ་ སྤྲོད་ཡོདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཇོ་བདག་དེ་ ལོག་འོང་མ་ཚུགས་པའི་ཤུལ་ལས་ ལས་བྱེདཔ་ཚུ་གིས་ ཟླཝ་དག་པ་ ཅིག་གི་རིང་ ལག་ལེན་འཐབ་རུང་ རྒུད་ཕོག་ནུག་ཟེར་ཨིན་པས།

ཧེ་མ་ རྒྱ་གར་གྱི་ མངར་ཟས་དང་ བཟའ་འཐུང་གི་རིགས་ཚུ་ བཙོང་མི་དེ་ཡང་ ད་རེས་ ཟ་ཁང་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།

ཇོ་བདག་གསརཔ་ ཨ་ནུཔ་ ཨ་ཅར་ཡ་གིས་ བཤད་མིའི་ནང་ ཚོང་ཁང་དེ་ནང་ལས་ ཁེ་སང་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ གོང་ཚད་ཚུ་ ཧེ་མ་བཟུམ་སྦེ་ར་བཞག་རུང་ ས་གནས་ཀྱི་ ལས་མིའི་གླ་ཆ་དེ་ མཐོ་སུ་ཡོདཔ་ལས་ ཟད་འགྲོ་ཡང་ མཐོ་དྲགས་ནི་དེ་གིས་ ཁེ་སང་ལེགས་ཤོམ་མིན་འདུག་ཟེར་ཨིནམ་ད་ ལཱ་འབད་མི་ཡང་ མི་ཐོབ་པས་ཟེར་ ཨིན་པས།

ལུང་ཕྱོགས་ཚོང་འདང་བཟོ་གྲྭ་ཡིག་ཚང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ གནས་སྟངས་དེ་ལུ་ དབྱེ་ཞིབ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ནད་ཡམས་ཤོ་ཐེངས་༣ པ་ འཐོན་ནིའི་ཉེན་ཁ་ཡོདཔ་ལས་ ཧེ་མའི་གནས་སྟངས་ནང་ ལྷོད་ནི་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།

ཚོང་ཁང་གི་ ཇོ་བདག་ཚུ་གི་བཟའ་ཚང་ཚུ་ རྒྱ་གར་ལུ་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཚོང་ལཱ་བཀོག་བཞག་སྟེ་ ལོག་སོང་ནུག་ཟེར་ འགོ་དཔོན་ཚུ་གིས་ བཤད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *