ཐིམ་ཕུག་རྫོང་ཁག་གི་ ཨམ་སྲུའི་ ཕུཊ༌བཱོལ་ལིག་འགྲན་བསྡུར་ འགོ་བཙུགས་ཡོདཔ།

༉ ཁ་ཙ་ ཐིམ་ཕུག་ མུ་ཏིག་ཐང་ཨམ་སྲུ་སྡེ་ཚན་གྱིས་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ ཨམ་སྲུ་སྡེ་ཚན་ལུ་ གཱོལ་༤ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་ཕུད་རྡོག་གཅིག་ཡང་ བཙུགས་མ་ཚུགསཔ་ཨིན་པས།

མ་གཞི་ སྡེ་ཚན་༢ ཀྱི་བར་ན་ དོ་འགྲན་ཅན་སྦེ་ དུས་ཡུན་སྐར་མ་༣༡ འབདཝ་ད་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ སྐར་མ་༣༢ ཀྱི་རྒྱབ་ལས་ མུ་ཏིག་ཐང་ལས་ ཤེས་རབ་དབང་མོ་གིས་ གཱོལ་དང་པ་བཙུགས་ཞིནམ་ལས་ རྩེདམོ་གི་གནས་སྟངས་བསྒྱུར་བཅོས་སོང་ཡོདཔ་ཨིན་པས།

ཤེས་རབ་དབང་མོ་གིས་ གཱོལ་༢ པ་དང་༣ པ་དེ་ སྐར་མ་༤༡ དང་ ༥༢ ལུ་ བཙུགས་ཡོད་པའི་ཁར་ སྐར་མ་༩༠ ལུ་ ད་རུང་ ཆ་རོགས་ཅིག་གིས་ བཙུགས་ཡོདཔ་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྐུགས་༣ ཐོབ་ཡོདཔ་ཨིན་པས།

ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༡༤ ལུ་ སཱན་ར་འེསི་དང་གཅིག་ཁར་ ཐེངས་དང་པ་ འགྲན་བསྡུར་འབདཝ་ད་ སཱན་ར་འེསི་གིས་ གཱོལ་༡༡ བཙུགས་ཏེ་ཕམ་བཏངམ་ད་ སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགསཔ་ཨིན་པས།

དེ་འབདཝ་ལས་ ཁ་ཙ་གི་ རྩེད་འགྲན་དེ་ སྡེ་ཚན་གྱིས་ ལེགས་ཤོམ་སྦེ་ འཛིན་སྐྱོང་དང་ བདག་འཛིན་འབད་ཐོག་ལས་ རྩེད་འགྲན་འབད་ཡོདཔ་ཨིན་པས།

ད་རིས་ བདེ་སྲུང་ཨམ་སྲུ་གིས་ མནྜལ་ཨམ་སྲུ་སྡེ་ཚན་དང་ དོ་འགྲན་འབད་ནི་དང་ དེ་ལས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ ཨམ་སྲུ་སྡེ་ཚན་གྱིས་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ ཨམ་སྲུ་སྡེ་ཚན་དང་ རྩེད་འགྲན་འབད་ནི་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་ ཨམ་སྲུའི་ཕུཊ༌བཱོལ་ལིག་འགྲན་བསྡུར་༢༠༢༡ ཅན་མ་དེ་ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ འགོ་བཙུགས་ཡོདཔ་ད་ ལིག་གི་རྩེད་འགྲན་ནང་ སྡེ་ཚན་༦ གིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ སཱན་རའེསི་ཨམ་སྲུ་སྡེ་ཚན་དང་ མན་ཌ་ལ་ཨམ་སྲུ་སྡེ་ཚན་ བདེ་སྲུང་ཨམ་སྲུ་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ཨམ་སྲུ་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་ཨམ་སྲུ་ དེ་ལས་ མི་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ཨམ་སྲུ་སྡེ་ཚན་ཚུ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *