བཙོག་གཡུར་བསུབས་མི་གིས་ མེདཔ་བཏང་མི་ སྣུམ་འཁོར་ལམ།

ཊའི་གླིང་ལུ་ ཆུ་གཡུར་དང་ འཁོར་ལམ་ཉམས་བཅོས་ལཱ་ འགོ་བཙུགས་ཡོདཔ།

༉ མོང་སྒར་ཁྲོམ་གྱི་འོག་ལུ་ཚུད་མི་ ཊའི་གླིང་ལུ་ འཁོར་ལམ་ཚུ་ མེདཔ་ཐལ་བའི་ཁར་ བཙོག་གཡུར་མེད་པའི་ དཀའ་ངལ་ཚུ་ ནུག།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཁྲོམ་སྡེ་གིས་ ཊའི་གླིང་གི་ ས་ཁོངས་དག་པ་ཅིག་ནང་ ཆུ་གཡུར་དང་ འཁོར་ལམ་གྱི་ ཉམས་བཅོས་ལཱ་ཚུ་ འགོ་བཙུགས་ཡོདཔ་ལས་ ཁྲོམ་ནང་སྡོད་མི་ཚུ་ སེམས་དགའ་སྟེ་འདུག།
ཊའི་གླིང་ལུ་ ཁྱིམ་གྱི་ཇོ་བདག་ཅིག་ཨིན་མི་ བསྟན་འཛིན་ཡིད་འོང་གིས་ སླབ་མི་དང་འཁྲིལཝ་ད་ ཁྲོམ་སྡེ་ནང་ ཁྱིམ་བཟོ་སྐྲུན་འབད་ཚར་བའི་ཤུལ་ལས་ སྣུམ་འཁོར་ལམ་བདའ་སྟེ་ ཆུ་གཡུར་མེདཔ་ལས་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ ཁྱིམ་གྱི་ལྟག་ལས་མར་ ཆུ་བྲེས་འོང་ནིའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
སློབ་དཔོན་ཅིག་ཨིན་མི་ བདེ་སྐྱིད་ཀྱིས་འབད་བ་ཅིན་ སྣུམ་འཁོར་ལམ་མེདཔ་ཐལ་མི་ཚུ་ ཉམས་བཅོས་མ་འབད་ནི་དེ་གིས་ ཆརཔ་རྐྱབ་པའི་སྐབས་ འདམ་པ་དང་ ཧ་ཀ་ཧོ་ཀ་ཚུ་གིས་ སྣུམ་འཁོར་མེདཔ་བཏངམ་མ་ཚད་ སྒྲིང་ཁྱིམ་ཚུ་ལས་ཐོན་མི་ བཙོག་ཆུ་ཚུ་ འགྱོ་སའི་ཆུ་གཡུར་མེདཔ་ལས་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
གླ་ཁར་སྡོད་མི་ ཚེ་རིང་རྒྱལ་མཚན་གྱིས་ ཧེ་མ་འབད་བ་ཅིན་ མོང་སྒར་ཁྲོམ་ནང་སྡོད་མི་ཚུ་གིས་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་བའི་ཁར་ སྣུམ་འཁོར་ལམ་བདའ་སྟེ་ ཕྱི་རུ་གློག་མེ་བཏེགས་བཞག་ནི་དེ་གིས་ གནམ་ནུབ་མོ་ ཕར་ཚུར་འགྱོ་རུང་ ཉེན་ཁ་མེད་ཟེར་ཨིན་པས།
ཨིན་རུང་ ཊའི་གླིང་ཁྲོམ་དང་ སྨན་ཁང་ནང་འགྱོ་ས་ དེ་ལས་ ཁྲོམ་སྡེའི་ས་གནས་ ཐདམ་ཐད་ཁ་ལས་ཕར་ གློག་མེ་མེདཔ་ཐལ་མི་ཚུ་ ཁྲོམ་སྡེ་གིས་ ལྟ་རྟོག་དང་ཞིབ་དཔྱད་ཚུ་ འབད་དགོཔ་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ད་ལྟོ་ ཁྲོམ་གྱི་ས་ཁོངས་ལྟེ་བ་ནང་ གློག་མེ་ཚུ་ ཉམས་བཅོས་འབད་ཚར་ཡི་ཟེར་ཨིནམ་ད་ གཞུང་ལམ་རྒྱ་བསྐྱེད་འབད་ཚར་བའི་ཤུལ་ལས་ གློག་མེ་ཀཝ་དང་ གློག་ཐག་ དེ་ལས་ འཕྲུལ་ཆས་ཚུ་ ཉམས་བཅོས་འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཊའི་གླིང་ཁྲོམ་ནང་ ཞིབ་དཔྱད་འབད་བའི་སྐབས་ འཁོར་ལམ་བདའ་སྟེ་ ཆུ་གཡུར་མེདཔ་མིན་པར་ ཧེ་མ་ཆུ་གཡུར་ཡོད་མི་ཚུ་ ཤུལ་ལས་ སྒྲིང་ཁྱིམ་བཟོ་སྐྲུན་འབད་བའི་སྐབས་ ས་དང་རྡོ་ཚུ་གིས་ སྤུབས་བཞག་ནུག་ཟེར་ཨིན་པས།
མ་དངུལ་དུམ་གྲ་ཅིག་ ཡོད་མི་དེ་གིས་ ད་རེས་ནངས་པར་ ཆུ་གཡུར་དང་ འཁོར་ལམ་ཚུ་ བཅོ་ཁ་རྐྱབ་དོ་ཟེར་ ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *