ཉོགས་བཤད་བཀོད་མི་ ཚོང་པ་དེ་ཡང་འཛིན་བཟུང་།

འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ཅིག་གིས་ འཇིགས་སྐྲག་སྟོན་ཡོད་པའི་སྐོར་ ཉོགས་བཤད་བཀོད་མི་ ཕུན་ཚོགས་གླིང་གི་ ཚོང་པ་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢ ཀྱི་ཕྱི་རུ་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་ཡང་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ལུ་ ཉོགས་བཤད་བཀོད་མིའི་ ཁ་ཐུག་ལས་ཡང་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་ལུ་ཡང་ འཇིགས་སྐྲག་སྟོན་ཡོད་པའི་ མངོན་གསལ་བྱུང་པའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་སྡོད་མི་ ཚོང་པ་དེ་ འཛིན་བཟུང་འབད་ནུག།

སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཉོགས་བཤད་བཀོད་མི་དང་འཁྲིལ་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་དེ་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ཐིམ་ཕུག་ལས་ འཛིན་བཟུང་འབད་དེ་ སྤྱི་ཟླ་༨ པའི་ཚེས་༡ ལུ་ ཕུན་ཚོགས་གླིང་ལུ་ འཁྱིད་འོང་ཡོདཔ་ཨིན་པས།
བཀྲིས་སྒང་ལས་ཨིན་མི་ འབྲུག་ཕུན་སུམ་ཚོགས་པའི་ འགོ་འདྲེན་པ་གིས་ བར་མཚམས་-གཤོང་་ཕུག་ཟེར་མི་ ཝི་ཅེཌ་སྡེ་ཚན་གྱི་ འཐུས་མི་ཚུ་ལུ་ སྡེ་ཚན་ནང་ ཚོང་པ་དེ་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ཨིནམ་ལས་ ཁོ་ གཡུས་ཁར་འོང་སྟེ་ དོན་མེད་ཀྱི་གཏམ་ཚུ་ སླབ་པ་ཅིན་ དྲང་དགོཔ་དང་ སྣུམ་འཁོར་བདའ་འོང་པ་ཅིན་ སྣུམ་འཁོར་དེ་ མེ་གཏང་ད་ཟེར་ སླབ་ཡོདཔ་སྦེ་ ཁ་ཉེས་བཀལ་ནུག།

ཁྲིམས་སྲུང་འགག་པ་གིས་ རྩོད་གཞི་དེ་ ཐོ་བཀོད་འབད་ཡོདཔ་ལས་ རྩོད་བཤེར་གྱི་དོན་ལུ་ ཤུལ་མའི་བདུན་ཕྲག་ནང་ ཁྲིམས་འདུན་ལུ་ གཏང་ནི་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *