ཉམས་སྲུང་གྱི་ བརྩོན་ཤུགས་ལུ་བརྟེན་ རི་དྭགས་གླངམོ་ཆེའི་གྱངས་ཁ་ ཡར་འཕར་སོང་ནུག།

ཉམས་སྲུང་ལུ་བརྟེན་ འབྲུག་ལུ་ གླངམོ་ཆེའི་གྱངས་ཁ་༦༧༨ ལུ་ལྷོད་ཡོདཔ།

༉ ད་རེས་ནངས་པར་ འབྲུག་གི་ ནགས་ཚལ་ནང་ འཁྱམས་སྡོད་མི་ རི་དྭགས་གླངམོ་ཆེ་༦༧༨ ཡོད་མི་དེ་ སྤྱི་ལོ་༢༠༡༡ ལུ་ གླངམོ་ཆེ་༥༡༣ ཡོད་མི་ལས་ ཡར་སེང་སོང་ནུག།

དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ གསར་སྤང་རྫོང་ཁག་ནང་ རྒྱལ་ཡོངས་གླངམོ་ཆེའི་ ཉིནམ་བརྩི་སྲུང་འབད་བའི་སྐབས་ རྒྱལ་ཡོངས་གླངམོ་ཆེའི་ བརྟག་ཞིབ་ཐེངས་༢ པའི་སྙན་ཞུ་ གསར་བཏོན་འབད་མིའི་ནང་ འཁོད་ཡོདཔ་ཨིན་པས།

ནགས་ཚལ་དང་ གླིང་ག་ཞབས་ཏོག་ལས་ཁུངས་དང་ འཛམ་གླིང་རི་དྭགས་མ་དངུལ་ ཌབ་ལུ་ཌབ་ལུ་ཨེཕ་༢ ཀྱིས་ གླངམོ་ཆེའི་བརྟག་ཞིབ་འབད་ཡོདཔ་ཨིན་པས།

རང་བཞིན་ཉམས་སྲུང་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་འདུས་ཀྱིས་ སླབ་མིའི་ནང་ གླངམོ་ཆེའི་གྱངས་ཁ་ཡར་སེང་འགྱོ་མི་དེ་ ཉམས་སྲུང་ལུ་ བརྩོན་ཤུགས་བསྐྱེད་ནི་དེ་གིས་ཨིན་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གླངམོ་ཆེ་ཚུ་ རྒྱ་འབྲུག་༢ ཀྱི་ ས་མཚམས་སྒོ་ཡངས་དྲགས་ཡོད་མིའི་ནང་ ཕར་ཚུར་སྦེ་ འཁྱམས་དོ་ཡོདཔ་ལས་ འབྲུག་གི་ས་ཁོངས་ནང་ གནས་སྤོ་འོང་སྟེ་ སྡོད་དོ་ཡོདཔ་ འོང་ནི་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ གླངམོ་ཆེ་ཚུ་ རྒྱ་གར་གྱི་ ས་མཚམས་ནང་ འཁྱམས་སྡོད་སའི་ ས་ཁོངས་ཚུ་ ད་རེས་ནངས་པར་ གཡུས་ཚན་ཚུ་ཆགས་སར་ མཐོང་གསལ་བྱུངམ་མས་ཟེར་ཨིནམ་ད་ འབྲུག་པའི་ས་ཁོངས་ནང་ གླངམོ་ཆེ་འཁྱམས་སའི་ ས་ཁོངས་ཚུ་ ཉམས་སྲུང་འབད་དེ་ཡོད་མི་གིས་ ཉམས་སྲུང་ནང་ མཐར་འཁྱོལ་བྱུང་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ བསོད་ནམས་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཨེ་ཤི་ཡའི་གླངམོ་ཆེ་ཚུ་ རྒྱལ་སྤྱི་རང་བཞིན་ཉམས་སྲུང་ཚོགས་སྡེའི་འོག་ རབས་ཆད་ཉེན་ཡོད་པའི་ ཐོ་བཀོད་ནང་ ཚུད་དོ་ཡོདཔ་ད་ འབྲུག་ལུ་ གླངམོ་ཆེ་ཚུ་ ནགས་ཚལ་དང་ རང་བཞིན་ཉམས་སྲུང་བཅའ་ཁྲིམས་༡༩༩༥ ཅན་མའི་ལས་འཆར་༡ པའི་ནང་ ཉེན་སྐྱོབ་འབད་དེ་ཡོདཔ་ཨིན་པས།

གླངམོ་ཆེའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ བརྟག་ཞིབ་འབདཝ་ད་ ལམ་ལུགས་དང་ ཅ་ཆས་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་པས།

བརྟག་ཞིབ་ཀྱི་ གྲུབ་འབྲས་ལུ་བརྟེན་ རྒྱལ་ཁབ་ནང་ གླངམོ་ཆེ་ཚུ་འཁྱམས་ས་དང་ གནས་སྤོ་འགྱོ་ཐངས་ ཧ་གོ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ད་ བརྟག་ཞིབ་འབད་མིའི་ དམིགས་གཏད་ངོ་མ་དེ་ འབྲུག་ལུ་ ཨེ་ཤི་ཡའི་གླངམོ་ཆེ་ཚུ་ ས་ཁོངས་ག་ཏེ་ལུ་ར་ འཁྱམས་སྡོདཔ་ཨིན་ན་དང་ གྱངས་ཁ་ངེས་ཏིག་སྦེ་ ཧ་གོ་ཚུགས་ནི་ དེ་ལས་ གླངམོ་ཆེ་ཚུ་ པར་ཐོག་གནས་སྡུད་བཟོ་ནི་དང་་ མི་དང་གླངམོ་ཆེའི་བར་ན་ སྟབས་མ་བདེཝ་ཐོན་མི་ཚུ་ སེལ་ཐབས་ལུ་ འོས་ལྡན་གྱི་ ཐབས་ལམ་ཚུ་ བཏོན་ནིའི་དོན་ལུ་ཨིན་པས།

འཛམ་གླིང་རི་དྭགས་མ་དངུལ་གྱིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་ རི་དྭགས་སེམས་ཅན་གྱི་ གྲངས་འབོར་འཛིན་སྐྱོང་དང་ ཡང་ཅིན་ སྐྱེ་ལྡན་གནས་སྟངས་བརྟག་ཞིབ་ཐོག་ སེམས་ཅན་གྱི་ གྱངས་ཁ་དང་ འཁྱམས་སའི་ས་ཁོངས་ ག་དེམ་ཅིག་ སྤྱོདཔ་ཨིན་ན་ ཧ་གོ་ཐབས་ལུ་ཨིན་ཟེར་བཀོད་ནུག།

འབྲུག་རྒྱལ་ཁབ་ནང་ མཐོང་གསལ་བྱུང་མི་ རི་དྭགས་གླངམོ་ཆེ་ཚུ་ ལྷོ་ཕྱོགས་རྫོང་ཁག་ བསམ་རྩེ་དང་ ཆུ་ཁ་ དར་དཀར་ནང་ གསར་སྤང་ བསམ་གྲུབ་ལྗོངས་མཁར་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ རྒྱལ་ཡོངས་མ་ནཱསི་གླིང་ག་ ཇོ་མོ་གཙང་ཁ་རི་དྭགས་ས་ཁོངས་ཚུ་ནང་ ཡོདཔ་ཨིན་པས།

བསོད་ནམས་དབང་འདུས་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ གླངམོ་ཆེ་ཉམས་སྲུང་འབད་ནིའི་དོན་ལུ་ ནགས་ཚལ་ཁྱབ་ཚད་ དུས་རྒྱུན་དུ་ རྒྱུན་མ་ཆད་པར་ ཉམས་མེད་ཐོག་ བཞག་དགོཔ་དེ་ གལ་ཆེཝ་སྦེ་ ངོས་འཛིན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ མི་སྡེ་དཔལ་འབྱོར་ཡར་རྒྱས་འགྱོ་མི་དེ་ བཀག་ཐབས་མེདཔ་ཨིན་རུང་ རང་བཞིན་ཉན་སྲུང་འབད་ནི་དང་ ཡར་རྒྱས་གོང་འཕེལ་༢ ཚད་མཉམ་སྦེ་ བཞག་དགོ་ཟེར་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ རང་བཞིན་ཉམས་སྲུང་ལུ་ མ་གནོདཔ་སྦེ་ གོང་འཕེལ་ལས་སྣ་ཚུ་ རི་དྭགས་སེམས་ཅན་དང་ འགྲོ་བ་མི་གཉིས་ཆ་ར་ལུ་ ཕན་ཐོགས་ཡོད་པའི་ ཐབས་ལམ་ལག་ལེན་འཐབ་དགོ་ཟེར་ བསོད་ནམས་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *