ཉམས་སྲུང་དང་ གོང་འཕེལ་ཚད་མཉམ་གྱི་ གནོད་ཉེན་ལུ་བསམ་ཞིབ།

༉ འབྲུག་རྒྱལ་ཁབ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ ཐ་ན་ འགྲོ་བ་མི་ལུ་ གནོདཔ་བཀལ་མི་དེ་ ད་རེས་འབདཝ་ད་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་པའི་ མངོན་གསལ་བྱུངམ་མས།
འཕྲལ་གྱི་བྱུང་རྐྱེན་ཅིག་ནང་ དགེ་ལེགས་ཕུག་ལུ་ རི་དྭགས་གླངམོ་ཆེ་ཁྱུ་ཅིག་གིས་ དེད་གཡོགཔ་ཕོ་སྐྱེས་ཅིག་ རྡོག་རྫོབ་རྐྱབ་སྟེ་ བསད་དཔ་ལས་ ཤུལ་ལུས་ཨ་ལོ་༤ དང་ གནས་ཚང་ལུ་ འཚོ་སྐྱོང་འཐབ་མི་མེདཔ་བཟོ་ད་ནུག།
ནགས་ཚལ་ལས་བྱེདཔ་ཚུ་གིས་ ཉེན་སྲུང་ལྟ་སྐོར་དུས་རྒྱུན་དུ་ འབད་ནི་ཡོདཔ་བཞིན་དུ་ བྱུང་རྐྱེན་འདི་ རི་དྭགས་སེམས་ཅན་ཚུ་གིས་ གཞིས་ཆགས་ཚུ་ནང་ གནོདཔ་བཀལ་ཏེ་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་མེན་རུང་ ད་རེས་ ཚོང་འབྲེལ་ལྟེ་བའི་ ཉེ་འདབས་ལུ་ གླངམོ་ཆེ་གིས་ མི་བསད་མི་དེ་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
དགེ་ལེགས་ཕུག་དེ་ གླངམོ་ཆེ་ཚུ་འཁྱམས་སའི་ ས་ཁོངས་ཅིག་འབདཝ་ལས་ འགྲོ་བ་མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ ཧེ་མ་ལས་ར་ བྲེལ་ཟིང་ཡོད་མི་དེ་ཡང་ གནམ་སེར་ཁའི་དུས་ཚོད་ལུ་ གླངམོ་ཆེ་ཚུ་ ཕིབ་སུ་རི་དྭགས་སྲུང་སྐྱོབ་ས་ཁོངས་ལས་ དགེ་ལེགས་ཕུག་ལུ་ གནས་སྤོ་འོང་སྟེ་ གནམ་དགུན་ལུ་ ལོག་འགྱོཝ་ཨིན་མས།
རི་དྭགས་སེམས་ཅན་ཚུ་གིས་ མིའི་གཞིས་ཆགས་ཚུ་ནང་ གནོདཔ་བཀལ་མི་དེ་ཡང་ གོང་འཕེལ་གྱི་ ལས་སྣ་ཚུ་ ལག་ལེན་འཐབ་མི་དང་ གཞི་རྟེན་ཁང་གི་ བཟོ་སྐྲུན་ཡར་འཕར་ དེ་ལས་ ཁྲོམ་རྒྱ་སྐྱེད་ལུ་བརྟེན་ རི་དྭགས་འཁྱམས་སའི་ ས་གོ་ཚུ་ལུ་ ཨུ་ཚུགས་བྱུངམ་ལས་ བྱ་ཐབས་མེད་པར་ གྲོང་གཡུས་ཚུ་ནང་ ལྟོ་འཚོལ་བར་འོངམ་ད་ ལོ་ཐོག་དང་ སྡོད་ཁྱིམ་ཚུ་ལུ་ གནོདཔ་བཀལཝ་མ་ཚད་ མཐའན་མཇུག་ལུ་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་ཨིན་མས།
གླངམོ་ཆེ་ཚུ་གི་ གནོད་ཉེན་ལས་ སྲུང་ཐབས་ལུ་ འཁྱམས་སའི་ས་ཁོངས་ཀྱི་ ཉེ་འདབས་ལུ་སྡོད་མི་ སོ་ནམ་པ་ཚུ་ལུ་ དྲནམ་བཏོན་ནི་དང་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོ་པའི་ གོ་བརྡ་སྤྲོད་ནི་མ་གཏོགས་ འབད་ཐབས་གཞན་མི་མཐོངམ་མས།
མི་ཚུ་གིས་ གླངམོ་ཆེ་ཚུ་ བདའ་གཏང་ནི་དང་ གྲོང་གཡུས་ཚུ་ནང་ ཉེན་སྐྱོབ་ཀྱི་ ཐབས་ལམ་བཏོན་དགོཔ་སྦེ་ ཞུ་བ་འབད་བཞིན་དུ་ཡོད་རུང་ འབྲེལ་ཡོད་དབང་འཛིན་ལས་ རྒྱབ་སྐྱོར་གྱི་ ངོས་ལེན་འབད་ས་ཅིག་ མཐོང་ནི་མེདཔ་དང་ ངོས་ལེན་འབད་རུང་ ཉེན་སྲུང་གི་ ཐབས་ལམ་གངམ་བཏོན་ནི་མེད་པའི་ ཉོགས་བཤད་བཀོདཔ་ཨིན་མས།
སྟབས་ངན་དེ་ དགེས་ལེགས་ཕུག་ལུ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་མང་ཤོས་ཅིག་ནང་ རི་དྭགས་སེམས་ཅན་ཚུ་ལས་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ལས་ སོ་ནམ་པ་ཙུ་ ཉིན་ནུབ་མེད་པར་ ལོ་ཐོག་བསྲུང་དགོཔ་ བྱུང་ཡོད་རུང་ གླགས་ཁེལ་མ་ཚུགས་པར་ དཀའཝ་སྤྱད་དེ་ ལཱ་འབད་མི་ ཐོན་སྐྱེད་བསྡུ་མ་ཚུགསཔ་ད་ སེམས་ཕམ་བྱུངམ་མས།
ད་རུང་ བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ བཀྲིས་སྒང་རྫོང་ཁག་ མེ་རག་དང་ སག་སྟེང་བཟུམ་མའི་ ལ་མཐོ་སའི་ ས་གནས་ཚུ་ནང་ཡང་ རི་ཕག་དང་ བྱི་ཐུར་ སྤྱ་ དོམ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བ་གིས་མ་ཚད་ འཕརཝ་དང་ གཅན་གཟན་སྟག་ གཟིག་ཚུ་གིས་ ལ་ནོར་གཡག་དང་ རྟ་ནོར་ཚུ་ལུ་ གནོདཔ་བཀལ་བའི་ གདོང་ལེན་བྱུང་སྟེ་ཡོད་རུང་ རྒུད་འཐུས་དང་ ཉེན་བཅོལ་ལ་སོགས་པ་ ག་ནི་ཡང་ ཐོབ་ནི་མེདཔ་ཨིན་མས།
འབྲུག་བཟུམ་མའི་ རྒྱལ་ཁབ་ནང་ མཐའ་འཁོར་གནས་སྟངས་ཉམས་སྲུང་དང་ འཚོ་སྐྱོང་དང་འབྲེལ་བའི་ གོང་འཕེལ་གཏང་པའི་སྐབས་ ཚད་མཉམ་ལྡན་པའི་ ཡུན་བརྟན་གོང་འཕེལ་ལུ་ གཙོ་རིམ་བཟུངམ་ཨིན་རུང་ དགེ་ལེགས་ཕུག་གི་ བྱུང་རྐྱེན་དང་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེད་པའི་ གཡུས་སྒོ་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་ལུ་ བལྟ་བ་ཅིན་ ང་བཅས་ཀྱིས་ མི་སེར་གྱི་ འཚོ་བའི་གནས་སྟངས་ལུ་མེན་པར་ མཐའ་འཁོར་གནས་སྟངས་དང་ རི་དྭགས་སེམས་ཅན་ ཉམས་སྲུང་ལུ་ ཤུགས་བཏོན་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས།འདི་འབདཝ་ལས་ འབྲུག་གིས་ རི་དྭགས་སེམས་ཅན་ལུ་བརྟེན་པའི་ གནོད་ཉེན་ཚུ་ བསྐྱར་ཞིབ་དང་ བརྟག་དཔྱད་མཐིལ་ཕྱིན་འབད་ཐོག་ལས་ མི་སེར་ཚུ་ལུ་ དཀའ་སྡུག་བྱུང་མི་དེ་ སེལ་ཐབསལུ་ ཡུན་ཐུབ་ཀྱི་ ཐབས་ལམ་བཏོན་དགོཔ་འདུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *