ཇའི་སྒང་ལུ་ འབྲུག་པའི་ཨམ་སྲུ་ཅིག་ དབང་བཙོང་འདོད་སྤྱོད་འབད་ཡོདཔ།

༉ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ དྲོ་པའི་ཆུ་ཚོད་༥ དེ་ཅིག་ཁར་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ སྐྱེས་ལོ་༢༢ ལང་མི་ འབྲུག་པའི་ཨམ་སྲུ་ཅིག་ མོ་རའི་ ཨ་ཞེམོ་གི་གདོང་ཁར་ ཕོ་སྐྱེས་ཅིག་གིས་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་བཞིན་དུ་ བྱ་ངན་འབད་མི་དོགས་ཅན་དེ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ རྐྱེན་ངན་བྱུང་བའི་ ཉིནམ་ལུ་ར་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཨམ་སྲུ་༢ ཆ་ར་ ཇའི་སྒང་ལུ་ ཁང་གླ་དངུལ་ཀྲམ་༢,༥༠༠ སྤྲོད་དེ་ སྡོད་དོ་ཡོདཔ་ཨིན་པས།
དོགས་ཅན་ཕོ་སྐྱེས་དེ་གིས་ ལྕགས་དུམ་ལག་ལེན་འཐབ་སྟེ་ སྒོ་བཅག་དཀྲུམས་འབད་ཐོག་ལས་ ནང་ན་འཛུལ་ཡོདཔ་བཞིན་དུ་ ཕོ་སྐྱེས་དེ་གིས་ ཉམས་རྒུད་པའི་ ཨ་ཞེམོ་དེ་ལུ་ གྱི་བཏོན་ཏེ་ འཇིགས་སྐྲག་བཏོན་ཞིནམ་ལས་ ནུམོ་དེ་ལུ་ དབང་བཙོང་འདོད་སྤྱོད་འབད་དེ་ བྱོག་ཡར་སོངཔ་ཨིན་པས།
ཀུན་གསལ་གྱིས་ རྐྱེན་ངན་བྱུང་སའི་ ཁྱིམ་གྱི་ཇོ་བདག་གཅིག་ཁར་ ཕྱད་ཡོདཔ་བཞིན་དུ་ ཁྱིམ་གྱི་ཇོ་བདག་གིས་ སླབ་མིའི་ནང་ ཉམས་རྒུདཔ་དེ་གིས་ མོ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཤེས་རྟོགས་བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་ ཟབ་ཏོག་ཏོ་སྦེ་ སྡོད་མི་ཅིག་ཨིན་ཟེར་ཨིནམ་བཞིན་དུ་ ཕུན་ཚོགས་གླིང་ལུ་ ལཱ་འབདཝ་ཨིན་ཟེར་ཨིནམ་ད་ ཉམས་རྒུདཔ་ཨམ་སྲུ་ཚུ་ ད་རེས་ ཟླཝ་ནང་རྐྱངམ་གཅིག་ སྡོད་ནི་འགོ་བཙུགས་ཅི་ཟེར་ཨིནམ་ད་ ཨམ་སྲུ་གཞན་མི་དེ་ མོ་གི་ཁྱིམ་ནང་སྡོད་དེ་ ལོ་༢ དེ་ཅིག་ ལང་ཡི་ཟེར་ཨིན་པས།
གནས་ཚུལ་ཤེས་མི་ཚུ་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ཉམས་རྒུདཔ་དེ་ གསོ་བའི་བརྟག་དཔྱད་འབད་ཡོདཔ་མ་ཚད་ རྒྱ་གར་ ཨ་ལི་པུར་རྫོང་ཁག་གི་ ཁྲིམས་འདུན་ལུ་ ངག་བརྗོད་བྱིན་པར་ སོང་ཡོདཔ་ཨིན་པས།
ཕུན་ཚོགས་ལུ་ སྡོད་ཁྱིམ་མ་ལང་པའི་ཁར་ ཁང་གླ་མཐོ་མི་ལུ་བརྟེན་ ད་རེས་ ཇའི་སྒང་ལུ་ འབྲུག་མི་༣,༠༠༠ དེ་ཅིག་ ཁང་གླ་ཁར་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *