ཇ་པཱན་ཨ་ཀི་ཤི་ནོའི་སྲསམོ་མ་ཀོ་ ནངས་པར་ རྒྱལ་ཁབ་ནང་ཕེབས་ནི།

༉ ནངས་པར་ ཇ་པཱན་ཨ་ཀི་ཤི་ནོའི་སྲསམོ་ མ་ཀོ་མཆོག་ འབྲུག་རྒྱལ་ཁབ་ནང་ ཕེབས་ནི་ཨིན་པས།

དགུང་ལོ་༢༥ བཞེས་མི་ སྲསམོ་མ་ཀོ་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མགྲོན་བརྡ་གནང་མི་དང་འཁྲིལ་ སྤྱི་ཟླ་༦ པའི་ཚེས་༡ ལས་༧ ཚུན་ འབྲུག་ལུ་ གཟིགས་སྐོར་གནང་ནི་ཨིན་པས།
ཐིམ་ཕུག་ལུ་ བཞུགས་པའི་སྐབས་ སྲསམོ་མ་ཀོ་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ རྒྱལ་འཛིན་འབྲུག་མེ་ཏོག་འགྲེམ་སྟོན་ཐེངས་༣ པ་ འགོ་འབྱེད་ནང་ འབྱོན་གནང་ནིའི་ ལས་རིམ་ཡོདཔ་ཨིན་པས།
དེ་མ་ཚད་ སྲསམོ་མ་ཀོ་གིས་ ལམ་སྲོལ་དང་ རྒྱལ་རབས་ཅན་གྱི་ ས་གནས་ཚུ་ནང་ གཟིགས་སྐོར་གནང་ནི་ཨིན་པས།
སྲསམོ་མ་ཀོ་དེ་ རྒྱལ་སྲས་ཨ་ཀི་ཤི་ནོ་དང་ ལྕངམ་ཀི་ཀོ་གཉིས་ཀྱི་ སྲསམོ་ཨིན་པའི་ཁར་ ཁྲི་ཐོག་ཁར་བཞུགས་མི་ རྒྱལ་ཆེན་ཨ་ཀི་ཧི་ཏོ་དང་ རྒྱལ་ཆེན་གྱི་བཙུནམོ་ མི་ཅི་ཀོ་རྣམ་༢ ཀྱི་ དི་བུམོ་སྦོམ་ཤོས་ཨིན་པས།
འབྲུག་དང་ཇ་པཱན་རྒྱལ་ཁབ་༢ ཀྱི་བར་ན་ ཧེ་མ་ལས་ར་ ཟུང་ཕྱོགས་ཀྱི་ མཐུན་འབྲེལ་དམ་ཟབ་སྦེ་ གནས་ཏེ་ཡོདཔ་མ་ཚད་ སྲསམོ་མ་ཀོ་མཆོག་གི་ གཟིགས་སྐོར་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་ མཐུན་ལམ་དང་ མཉམ་འབྲེལ་ཚུ་ སྔར་བ་ལྷགཔ་སྦེ་ རྩ་བརྟན་འགྱོ་ནི་གི་ རེ་བ་སཡོད་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *