ཇ་པཱན་ལུ་ འབྲུག་པའི་སློབ་ཕྲུག་ཅིག་གིས་ རང་སྲོག་བཅད་ཡོདཔ།

༉ ཁ་ཙ་དྲོ་པ་ ཇ་པཱན་གྱི་ས་གནས་ ཕུ་ཀོའུ་ཀ་ལུ་ གླིང་ག་ཅིག་ནང་ སྐྱེས་ལོ་༢༤ ལང་མི་ འབྲུག་པའི་སློབ་ཕྲུག་བུཚ་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིན་པས།
ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ཕྱི་འབྲེལ་ལྷན་ཁག་དང་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ ཚེ་འདས་ཀྱི་ ཕམ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ད་ལྟོ་ འགོ་དཔོན་ཚུ་གིས་ དམིགས་བསལ་དུ་ ཚེ་འདས་ཀྱི་ཕུངམ་དེ་ རྒྱལ་ཁབ་ནང་ འབག་འོང་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཕྱི་འབྲེལ་ལྷན་ཁག་དང་ ལས་གཡོག་ལྷན་ཁག་གིས་ མཉམ་འབྲེལ་ཐོག་ལས་ ལས་རིམ་དང་འབྲེལ་བའི་ ན་ཚ་དང་ ཤི་རྐྱེན་གྱི་ ཉེན་བཅོལ་ནང་ དམིགས་བསལ་དུ་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ བརྟག་ཞིབ་འབད་དོ་ཟེར་ཨིན་པས།
ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་ བཤད་མིའི་ནང་ ཚེ་འདས་ཀྱི་ ཕམ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཅི་ཟེར་ཨིནམ་ད་ ད་ལྟོ་ ཇ་པཱན་དང་ རྒྱ་གར་ནིའུ་ལྡི་ལུ་ཡོད་པའི་ ཕྱི་འབྲེལ་ལྷན་ཁག་བརྒྱུད་དེ་ དོན་གཅོད་ཡིག་ཚང་དང་གཅིག་ཁར་ ལཱ་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཚེ་འདས་སློབ་ཕྲུག་བུཚ་དེ་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ ཤེས་ཡོན་སྦྱང་ནི་དང་འབྲེལ་ ཏི་རུ་བཟོ་ནིའི་ ལས་རིམ་བརྒྱུད་དེ་ ཇ་པཱན་ལུ་ སོང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཚུ་གིས་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ད་ལྟོ་ ཁ་གསལ་སྦེ་ སླབ་མ་ཤེས་རུང་ ཚེ་འདས་སློབ་ཕྲུག་དེ་ སྤྱི་ཟླ་༡༢ པའི་ཚེས་༤ གི་དྲོ་པ་ལས་ བྱང་སྟོར་ཤོར་སོ་ནུག་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *