སྲསམོ་ མ་ཀོ།

ཇ་པཱན་གྱི་ ཨ་ཀི་ཤི་ནོའི་སྲསམོ་ ཁ་ཙ་ ལོག་ཇ་པཱན་ལུ་ བྱོན་ཡོདཔ།

༉ ཇ་པཱན་གྱི་ ཨ་ཀི་ཤི་ནོའི་སྲསམོ་ མ་ཀོ་གིས་ རྒྱལ་ཁབ་ནང་ ཉིན་གྲངས་༧ གྱི་རིང་ གཟིགས་སྐོར་གནང་པའི་ཤུལ་ལས་ ཁ་ཙ་ ལོག་ཇ་པཱན་ལུ་ བྱོན་ཡི།

སྲསམོ་མཆོག་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མགྲོན་བརྡ་གནངམ་བཞིན་དུ་ རྒྱལ་ཁབ་ནང་ བྱོན་པའི་སྐབས་ མི་དབང་མཆོག་དང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་ད་ མི་དབང་མཆོག་གིས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ གསོལཝ་གི་ལས་རིམ་ཅིག་ཡང་ གནང་ཡོདཔ་ཨིན་པས།
གཟིགས་སྐོར་གྱི་སྐབས་ལུ་ སྲསམོ་གིས་ འབྲུག་པའི་རང་ལུགས་ཀྱི་ མདའ་དང་ཁུ་རུ་ཚུ་ རྩེད་ཡོདཔ་མ་ཚད་ རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ འགོ་འདྲེན་འཐབ་མི་ རྒྱལ་འཛིན་མེ་ཏོག་འགྲེམ་སྟོན་ནང་ཡང་ དམིགས་བསལ་གྱི་མགྱོནམ་སྦེ་ གྲལ་གཏོགས་གནང་ཡོདཔ་ཨིན་པས།
དགུང་ལོ་༢༥ བཞེངས་མི་ སྲསམོ་གིས་ འབྲུག་པའི་ན་གཞོན་སློབ་ཕྲུག་ཚུ་ འཛོམས་སར་གཟིགས་མི་ལུ་ ཐུགས་ངལ་རངས་བྱུང་ཡོདཔ་ད་ སྲསམོ་གིས་ ལོ་ངོ་༢༠ འི་ཧེ་མར་ མོ་རའི་ཡབ་དང་ ཡུམ་༢ རྒྱལ་ཁབ་ནང་བྱོན་པའི་སྐབས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གསོལ་རས་སྦེ་གནང་མི་ དཀྱི་རས་བཞེས་ཡོདཔ་ཨིན་པས།
བཀྲིས་ཆོས་རྫོང་ནང་ མི་དབང་མཆོག་གི་ སྐུ་མདུན་ལུ་ བཅར་བའི་སྐབས་ སྲསམོ་གིས་ ཇ་པཱན་གྱི་ རང་ལུགས་གྱོན་ཆས་ ཀི་མོ་ནོ་ཟེར་མི་དེ་ བཞེས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཞུགས་པའི་རིང་ སྲསམོ་གིས་ རྒྱལ་ཆེན་ཨ་ཀི་ཧི་ཏོ་གིས་ འབྲུག་དང་ ཇ་པཱན་གྱི་བར་ན་ མཐུན་ལམ་དམ་ཟབ་ཡོད་མི་དེ་ ལྷག་པར་དུ་ དམ་ཟབ་འགྱོ་བའི་ རེ་བ་ཡོད་ལུགས་ཚུ་ བཤད་ཡོདཔ་སྦེ་ ཇ་པཱན་གྱི་ གནས་ཚུལ་གསར་ཤོག་ཚུ་ནང་ བཀོད་ནུག།
སྲསམོ་གིས་ ཇ་པཱན་གྱི་ བདུན་ཕྲག་བརྩི་སྲུང་ནང་ཡང་ བྱོན་ཡོདཔ་ད་ དེ་བསྒང་ ཇ་པཱན་གྱི་ རང་ལུགས་ལས་རིམ་ཚུ་ སྤྱན་འབུལ་ཕུལ་ཡོདཔ་ཨིན་པས།
སྲསམོ་མཆོག་ རྒྱལ་ཁབ་ནང་ བཞུགས་པའི་རིང་ གནམ་གཤིས་ཡང་ བསིལ་ལྡན་སྦེ་ གནས་ཡོདཔ་ད་ ལོག་མ་བྱོན་པའི་ཧེ་མར་ སྤ་རོ་ལུང་གཤོང་ནང་ཡོད་མི་ རྫོང་གཞིས་དང་ གནས་ཆེན་ཚུ་ནང་ གཟིགས་སྐོར་གནང་ཡོདཔ་ད་ ལོ་ངོ་༣༠ འཁོར་བའི་ འབྲུག་དང་ ཇ་པཱན་གྱི་ མཐུན་ལམ་དུས་སྟོན་དེ་ ན་ཧིང་ བརྩི་སྲུང་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *