༉ བུམ་ཐང་མཁར་ཆུ་གྲྭ་ཚང་དང་ བཀྲིས་གཡང་རྩེ་སྟོང་ཞང་ལུ་ཡོད་པའི་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེའི་ ཞལ་སློབ་དགེ་སློང་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ ཨོ་རྒྱན་འབྱུང་བ་བཞིའི་གསོལ་འདེབས་ གནང་པའི་བསྒང་ཡོདཔ་ཨིན་པས།
ནངས་པར་ དྲུགཔ་ཚེས་བཞི་ཟེར་ བཀའ་དང་པ་བདེན་པ་བཞིའི་ ཆོས་ཀྱི་འཁོར་ལོ་བསྐོར་བའི་ ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ བཀྲིས་ཆོས་རྫོང་ནང་ གནས་བརྟན་བཅུ་དྲུག་གི་མཐོང་གྲོལ་ མི་མང་ལུ་ མཇལ་ཁ་གནང་ནི་ ཨིན་པའི་གནས་ཚུལ།
