ཆུ་ཁའི་ མི་སེར་ཚུ་གིས་ ཁམ་ཤིང་མེ་ཏོག་ གདམ་ཁ་རྐྱབ་ཡོདཔ།

༉ ཁ་ཙ་ སྤྱི་ཚོགས་༣ པའི་ སྤྱིར་བཏང་བཙག་འཐུ་ནང་ལས་ ཆུ་ཁ་རྫོང་ཁག་གི་ མི་སེར་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་ རྒྱབ་སྐྱོར་འབད་ཡི།

དེ་ཡང་ བོང་མགོ་སྐྱབས་ཆ་འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་དབང་ལྷོ་མོ་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྤེན་པ་ཕམ་བཏང་ཡོདཔ་ད་ ཕུན་ཚོགས་གླིང་འདེམས་ཁོངས་ནང་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཀྲིས་དེ་ མཉམ་རུབ་ཚོགས་པའི་འདེམས་ངོ་ ཇེ་བིར་རའི་ལས་ ཕམ་ཡོདཔ་ཨིན།

འདེམས་ཁོངས་༢ ཆ་རའི་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་༢ ཆ་ར་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཅི།

བོང་མགོ་སྐྱབས་ཆ་འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ འགྲེམ་ཐོག་ཚོགས་རྒྱན་༢༡༣༩ དང་ འཕྲུལ་ཆས་ཚོགས་རྒྱན་༤༤༩༣ ཐོབ་ཡོདཔ་བཞིན་དུ་ ཚོགས་རྒྱན་བསྡོམས་༦༦༣༢ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ འགྲེམ་ཐོག་ཚོགས་རྒྱན་༩༧༨ དང་ འཕྲུལ་ཆས་ཚོགས་རྒྱན་༢༥༠༡ འབདཝ་ད་ ཚོགས་རྒྱན་བསྡོམས་༣༤༧༩ ཐོབ་མི་དང་ཕྱདཔ་ད་ ཚོགས་རྒྱན་༣༡༥༣ གིས་ མཉམ་རུབ་ཚོགས་པ་ རྒྱལ་ཁ་ཐོབ་ཅི།

འདེམས་ཁོངས་དེ་ནང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༢༢༨༢ ལྷོད་མིའི་ནང་ལས་ ཕོ་སྐྱེས་ཚུ་གིས་ ཚོགས་རྒྱན་༡༡༡༨ བཙུགས་ཡོདཔ་ད་ ཨམ་སྲུ་ཚུ་གིས་ ཚོགས་རྒྱན་༡༡༦༤ བཙུགས་ཡོད་མི་ཚུ་ལས་ རྟགས་མེད་མི་དང་ འདེམས་ངོ་༢ ཆ་ར་ལུ་ རྟགས་བཀལ་མི་ དེ་ལས་ ཕོ་སྐྱེས་ཀྱི་ཚོགས་རྒྱན་༣ དང་ ཨམ་སྲུའི་ཚོགས་རྒྱན་༤ བསྡོམས་སྟེ་ ཚོགས་རྒྱན་༧ ཆ་མེད་བཏང་ཡོདཔ་ཨིན་པས།

ལོ་བསྟར་གྱི་ ཆུ་ཁ་ཚེས་བཅུ་དང་ ཚོགས་རྒྱན་གྱི་ཉིནམ་ གཅིག་ཁར་ཕོག་ཡོདཔ་ལས་ ལ་ལོ་ཅིག་ དྲོ་པ་ཚོགས་རྒྱན་བཙུགས་ཞིནམ་ལས་ ཚེས་བཅུ་མཇལ་བར་སོང་ཡོདཔ་ད་ ལ་ལོ་ཅིག་གིས་ ཚེས་བཅུ་མཇལ་ཏེ་ དབང་ཞུ་ཞིནམ་ལས་ ཚོགས་རྒྱན་བཙུགས་པར་ སོང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་༨༣༥ ལྷོད་མི་ལས་ ཕོ་སྐྱེས་ཀྱི་ཚོགས་རྒྱན་༦༣༧ དང་ ཨམ་སྲུའི་ཚོགས་རྒྱན་༡༩༨ ཡོད་ས་ལས་ ཕོ་སྐྱེས་ཀྱིས་ བཙུགས་ཡོད་པའི་ཚོགས་རྒྱན་༡ ལུ་ རྟགས་༢ བཀལ་ཡོདཔ་ལས་ ཆ་མེད་བཏང་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་འདེམས་ཁོངས་ནང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ ཚོགས་རྒྱན་བསྡོམས་༥༥༨༦ ཐོབ་ཡོད་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༩༧༥ དང་ འཕྲུལ་ཆས་ཚོགས་རྒྱན་༤༦༡༡ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ འགྲེམ་ཐོག་ཚོགས་རྒྱན་༣༡༥ དང་ འཕྲུལ་ཆས་ཚོགས་རྒྱན་༢༠༦༥ ཐོབ་སྟེ་ ཚོགས་རྒྱན་ཡོངས་བསྡོམས་༢༣༨༠ ཐོབ་ཡོདཔ་ད་ ཚོགས་རྒྱན་༣༢༠༦ གིས་ ཕུན་སུམ་ཚོགས་པ་ཕམ་སོཔ་ཨིན།

འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ཚུ་ག་ར་ ཆ་འཇོག་འབད་ཡོདཔ་ཨིན་རུང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༤ འདེམས་ངོ་ག་ལུ་ཡང་ རྟགས་བཀལ་ཏེ་མེདཔ་ལས་ ཆ་མེད་བཏང་ཡོད་པའི་གནས་ཚུལ།

ཆུ་ཁ་ལས་ ཉིམ་རྡོ་རྗེ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *