ཆུ་ཁ་ལས་ དམར་བསད་ཀྱི་ དོགས་པ་ཅན་ འཚོལ་དོ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ སྦོང་སྒོ་ལས་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་ར་དང་ འབྲེལ་བ་མེདཔ་སྦེ་སྡོད་མི་ སྐྱེས་ལོ་༢༢ ལང་མི་ གནས་ཚང་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ དམར་བསད་འབད་བའི་ཤུལ་ལུ་ བྱོག་སོང་ཡོད་པའི་ དོགས་པ་ལུ་བརྟེན་ ཕུན་ཚོགས་གླིང་དང་ དགེ་འདུ་ལས་ ཁྲིམས་སྲུང་འགག་སྡེ་ལས་ སྡེ་ཚན་ཅིག་གིས་ དོགས་པ་ཅན་དེ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
སྦོང་སྒོ་མེ་རི་རྩེ་མོ་ལས་ཨིན་མི་ ཚེ་འདས་ཨམ་སྲུ་དེ་ སྤྱི་ཟླ་༤ པའི་ཚེས་༢ ཀྱི་དྲོ་པར་ ཨ་རི་ཁ་གཞི་རྟེན་སྨན་ཁང་ནང་ བསྐྱལ་བའི་སྐབས་ ཧེ་མ་ལས་ ཤི་སོ་ནུག་ཟེར་ཨིནམ་ད་ ཚེ་འདས་དེ་ ཨ་རི་ཁ་ལུ་ མོ་རའི་མོ་སྤུན་དང་ སྐྱིདཔོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ལས་ དོགས་པ་ཅན་ རྨགཔ་དང་གཅིག་ཁར་ མ་ཕྱད་པར་ ཧ་ལམ་ཡར་སོཔ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཚེ་འདས་ཨམ་སྲུ་དེ་ མགུ་ཏོ་གུ་ རྨ་སྐྱོན་ལེ་ཤ་བྱུངམ་ལས་ ཁྲག་འཛགས་ཏེ་ ཤི་སོ་ནུག་ཟེར་ཨིནམ་ད་ རྐྱེན་ངན་བྱུངམ་ད་ ཁྱིམ་ནང་མོ་ར་རྐྱངམ་གཅིག་ སྡོད་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *