གླངམོ་ཆེ་བདའ་གཏང་ནིའི་དོན་ལུ་ གནམ་འཕུར་འཕྲུལ་ཆས་ཌཱོན་ ལག་ལེན་འཐབ་ནི།

༉ དགེ་ལེགས་ཕུག་ གནས་ཚལ་འགོ་དཔོན་ཚུ་གིས་ གསར་སྤང་རྫོང་ཁག་དང་ ཁྲིམས་སྲུང་འགག་སྡེ་ཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཌཱོན་ཟེར་མི་ གནམ་འཕུར་འཕྲུལ་ཆས་ ལག་ལེན་འཐབ་སྟེ་ གླངམོ་ཆེ་ཚུ་ བདའ་གཏང་ནིའི་ ཐབས་ལམ་བཏོན་དོ་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཆར་གཞི་དེ་ ཤུལ་མའི་བདུན་ཕྲག་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་འོང་ཟེར་ཨིན་པས།
འཕྲུལ་ཆས་དེ་ ལག་ལེན་འཐབ་དགོ་མི་དེ་ཡང་ ཧེ་མ་ ཀྲོབ་མདའ་གནམ་ཁར་རྐྱབ་མི་དང་ གས་རྫས་ལག་ལེན་འཐབ་མི་དེ་གིས་ ཕན་ཐོགས་མེད་མི་ལུ་བརྟེན་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ནགས་ཚལ་འགོ་དཔོན་དང་ རྫོང་ཁག་བདག་སྐྱོང་ དེ་ལས་ ཁྲིམ་སྲུང་འགག་སྡེ་གི་ དགེ་ལེགས་ཕུག་ནང་འཁོད་གནམ་ཐང་གི་ ས་ཁོངས་ནང་ལས་ གླངམོ་ཆེ་སྡེ་ཚན་ཅིག་ བདའ་བཏང་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ སེངྒེ་དབང་ཕྱུག་གིས་ སླབ་མིའི་ནང་ གླངམོ་ཆེ་ཚུ་ བདའ་བཏང་རུང་ གནམ་གྲུ་ཐང་གི་ སྦོ་ལོགས་ཁར་ གནས་ཚལ་སྟུག་དྲགས་སྦེ་ ཡོད་མིའི་ནང་ འཁྱམས་སྡོདཔ་མས་ཟེར་ཨིན་པས།
གླངམོ་ཆེ་ཚུ་གིས་ གནམ་ནུབ་མོ་ ཁྲོམ་ཁར་འོང་ཞིནམ་ལས་ ལོ་ཐོག་དང་ ཤིང་འབྲས་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
སེང་གེ་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ཚོད་ གླངམོ་ཆེ་ཚུ་གིས་ རྒྱུ་དངོས་ཚུ་ལུ་ གནོདཔ་སྦོམ་སྦེ་མ་བཀལ་རུང་ མིའི་ཚེ་སྲོག་ལུ་ གནོད་ཉེན་མི་འབྱུང་ག་ཟེར་བའི་ འཇིགས་སྣང་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་གྱི་ས་ཁོངས་ནང་ ད་རེས་ གླངམོ་ཆེ་༡༣ དེ་ཅིག་ འཛུལ་འོང་ཡོདཔ་ལས་ ས་གནས་ཀྱི་མི་ཚུ་ འདྲོག་བྱེལ་འཐབ་སྟེ་ཡོདཔ་ཨིན་པས།
གླངམོ་ཆེ་ཚུ་གིས་ སྤྱི་ཟླ་༡༠ པའི་ནང་ ལོ་ཐོག་ཚུ་འཚོ་པའི་སྐབས་ གནོད་སྐྱོན་རྐྱབ་པའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ དེ་བསྒང་ གླངམོ་ཆེའི་གྱངས་ཁ་ཡང་ ཡར་སེང་འགྱོཝ་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ དགེ་ལེགས་ཕུག་ལུ་ གླངམོ་ཆེ་འོང་མིའི་ གྱངས་ཁ་མཐོ་ཤོས་དེ་ སྤྱི་ལོ་༢༠༡༧ ལུ་ གླངམོ་ཆེ་༢༣ སྟབས་གཅིག་ཁར་འོང་མི་དེ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *