གླངམོ་ཆེ་གིས་ མེདཔ་བཏང་མི་ ཐབ་ཚང་།

གླངམོ་ཆེ་གིས་ པད་དཀར་ཞིང་ལུ་ ཁྱིམ་ཅིག་དང་ ལོ་ཐོག་གེ་ཟ་ཚུ་ མེདཔ་བཏང་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ རི་དྭགས་གླངམོ་ཆེ་ཅིག་གིས་ ཕུན་ཚོགས་གླིང་དྲུང་ཁག་ པད་དཀར་ཞིང་སྨད་ལུ་ བཟའ་ཚང་ཅིག་གི་ ཐབ་ཚང་དེ་ རྩ་བ་ལས་ར་ མེདཔ་བཏང་ཡོདཔ་མ་ཚད་ གྲོང་གསེབ་མི་སེར་གཞན་༢ ཀྱི་ གེ་ཟ་ཞིང་ཚུ་ནང་འཛུལ་ཏེ་ གེ་ཟ་ཤིང་ལེ་ཤ་ཅིག་ མེདཔ་བཏང་ཡོདཔ་ཨིན་པས།
ཨ་ནིལ་པར་དཱན་གྱི་ ཐབ་ཚང་གི་ གྱང་རྩིག་ལོགས་ཅིག་ རྩ་བ་ལས་ མེདཔ་བཏང་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ གླངམོ་ཆེ་ཚུ་གིས་ སྤྱི་ལོ་༢༠༡༤ ལུ་ ཁོ་གི་ཁྱིམ་ལུ་ གནོད་སྐྱོན་རྐྱབ་ཅི་ཟེར་ཨིན་པས།
གླངམོ་ཆེ་ཅིག་གིས་ ཧེ་མ་ཡང་ ད་ལྟོའི་ ཐབ་ཚང་དེ་ མེདཔ་བཏང་ཡོདཔ་ལས་ ཉེན་ཁ་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
པད་དཀར་ཞིང་དེ་ གོ་བར་ཇུ་ཏི་རོང་ཆུའི་ མཐའ་བདའ་སྟེ་ རྒྱ་གར་གྱི་གཡུས་ཚན་ ཁོག་ལ་ཟེར་མིའི་ ས་མཚམས་ཁར་ཡོདཔ་ལས་ རི་དྭགས་གླངམོ་ཆེ་ཚུ་ འཕྲལ་འཕྲལ་ར་ པད་དཀར་ཞིང་གཡུས་ཚན་ནང་ འོང་ནི་ཡོདཔ་ད་ གླངམོ་ཆེ་ཚུ་གིས་ གཙང་ཆུ་བརྒལ་ཏེ་ པད་དཀར་ཞིང་སྨད་ཁ་ཐུག་ལུ་ འཛུལ་འོང་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ གནོད་སྐྱོན་རྐྱབ་མི་ གཡུས་ཚན་དེ་ནང་ བརྟག་ཞིབ་འབད་བར་ སོང་ཡོདཔ་ད་ ཨ་ནིལ་པར་དཱན་དང་ ཁོ་གི་ གནས་ཚང་གིས་ ཐབ་ཚང་མེདཔ་བཏང་མི་ལུ་ ཉེན་བཅོལ་འབད་འབདཝ་མེདཔ་ལས་ རྒུད་འཐུས་འཐོབ་ནི་གི་ འོས་འབབ་མེད་རུང་ གླངམོ་ཆེ་ཚུ་ ཁོང་གི་ གཡུས་ཚན་ཚུ་ནང་ འོང་ནི་ལས་ བཀག་ནི་གི་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ སླབ་ཨིན་པས།
ཉམས་རྒུད་པ་གཞན་ སྐྱེས་ལོ་༦༣ ལང་མི་ ཤི་བཱ་ལཱལ་ཤར་མ་གིས་ སླབ་མིའི་ནང་ གླངམོ་ཆེ་དེ་གིས་ ཁོ་གི་གེ་ཟ་ཤིང་༥༠༠ ལྷགཔ་ཅིག་ མེདཔ་བཏང་ནུག་ཟེར་ཨིནམ་ད་ སོ་ནམ་པ་ ཆ་བི་ལཱལ་གྱི་ གེ་ཟ་ཞིང་ཚུ་ཡང་ མེདཔ་བཏང་ཡོད་པའི་གནས་ཚུལ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *