གསོ་བའི་མཁས་མཆོག་ཚུ་གིས་ ནུས་ཤུགས་ཅན་གྱི་ སྨན་རྫས་བརྡ་དོན་ཐོག་ གྲོས་བསྡུར།

༉ འདས་པའི་ གསོ་བའི་གྲོས་འཛོམས་ཐེངས་༤ པའི་སྐབས་ ནདཔ་ཚུ་ལུ་ སྨན་རྫས་དང་འབྲེལ་བའི་ བརྡ་དོན་བྱིན་ནིའི་ནང་ ནུས་ཤུགས་ཅན་གྱི་ གདོང་ལེན་ཡོད་པའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ཨིན་པས།
གསོ་རིག་སྨན་ལྗོངས་ཀྱི་ སྨན་གྱི་འགོ་འཛིན་ ཤེས་རབ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྨན་རྫས་ཀྱི་བརྡ་དོན་དེ་ ནད་པའི་ཉེན་སྲུང་དོན་ལུ་ གལ་ཆེ་ཤོས་ཅིག་་ཨིན་ཟེརཨིནམ་ད་ དེ་ནང་ལས་ ད་རེས་ཀྱིས་ དུས་ལུ་ ནང་པའི་སྨན་གྱི་ཉེན་སྲུང་སྐོར་ལས་ དྲི་བཀོད་འབད་བའི་དུས་ལུ་ གལ་ཆེ་ཟེར་ཨིན་པས།
ཁོ་གིས་ ཞིབ་འཇུག་འབད་མིའི་ནང་ ད་རེས་ནངས་པར་ སྨན་རྫས་ཀྱི་བརྡ་དོན་ཚུ་ ཁ་ལས་རྐྱངམ་གཅིག་ བྱིན་དོ་ཡོདཔ་སྦེ་མཐོང་ཡོདཔ་ད་ ལམ་ལུགས་དེ་ ཕན་ནུས་ཅན་ཅིག་མེན་ཟེར་ཨིན་པས།
སྨན་རྫས་ཀྱི་ བརྡ་དོན་ཞབས་ཏོག་དང་ ལྟ་རྟོག་འབད་ནི་ནང་དང་ དེ་ལས་ སྨན་དང་འབྲེལ་བའི་ ལས་རིམ་ལེགས་ཤོམ་མེདཔ་ལས་ དེང་སང་གི་ལག་ཆས་དང་ སོར་སྒྱུར་དགོཔ་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ནང་པའི་སྨན་ཁང་ནང་ ལས་སྡེའི་བར་ན་ ནད་པའི་ཤེས་བྱ་དང་ ཁོང་གིས་ ནང་པའི་སྨན་དང་འབྲེལ་བ་དང་ ལག་ལེན་འཐབ་དོ་ཡོད་ལུགས་ བལྟ་ནིའི་དོན་ལུ་དང་ དེ་ལས་ སྨན་ལུ་བརྟེན་པའི་ཞོར་གནོད་ ལྟ་རྟོག་འབད་ནིའི་དོན་ལུ་ བརྟག་ཞིབ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
གནས་སྡུད་ཚུ་ཡང་ ན་ཧིང་སྤྱི་ཟླ་༡༡ ལས་༡༢ པའི་ནང་ལུ་ རྒྱལ་ཡོངས་ནང་པའི་སྨན་ཁང་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ནད་པའི་ཤེས་བྱ་ཚུ་ཡང་ བརྗོད་དོན་བཞི་ལུ་བཞག་སྟེ་འབད་ཡོདཔ་ད་ དེ་ཚུ་ཡང་ སྨན་ཚུ་ དུས་ཚོད་ནམ་དང་ ག་དེ་སྦེ་བཟའ་ནི་ཨིན་ན་ ག་ཅི་སྤང་དགོཔ་ཨིན་ན་ཚུ་ལུ་ བཞག་ཡོདཔ་ཨིནམ་ད་ ནདཔ་བརྒྱ་ཆ་༨༧ དེ་ཅིག་ལུ་ སྨན་གྱི་སྐོར་ལས་ ངག་ཐོག་བཤད་ཡོདཔ་ད་ བརྒྱ་ཆ་༣༠ གིས་ བརྡ་དོན་ཚུ་ ཁ་གསལ་མེདཔ་དང་ མ་མཐུནམ་འབད་ སླབ་དེས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནང་པའི་སྨན་ཚུ་ ཡུན་རིང་ནད་ཀྱི་ཟུན་ཡོད་པའི་ ནདཔ་ཚུ་གིས་ ཤེས་དོ་ཡོདཔ་ད་ དེ་ལས་ འབྲེལ་བ་མངམ་འདུག་ཟེར་ཨིནམ་བཞིན་དུ་ ནང་པའི་སྨན་ཚུ་ཡང་ སྨན་གྱི་གཟུངས་སྔགས་བཞི་ཡོད་མི་ལུ་ གཞི་བཞག་སྟེ་བཟོ་ཡོདཔ་ད་ དཔེ་ཆ་ཚུ་ནང་ སྨན་གྱི་སྐོར་ལས་ཡོད་མི་ཚུ་ དྲུང་འཚོ་དང་སྨན་པ་ཚུ་གིས་རྐྱངམ་གཅིག་ ལྷོད་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་པ་གིས་ སྨན་བརྒྱ་ཆ་༥༠ དེ་ཅིག་ སྨན་ཡིག་བྲིས་དེ་ བཀྲམ་ཡོད་མི་ཐང་ ཡང་ཅིན་ ཚུལ་མིན་ཐོག་བཙོང་ཡོདཔ་ད་ ནདཔ་བརྒྱ་ཆ་༥༠ དེ་ཅིག་གིས་ སྨན་ཚུལ་དང་ལྡནམ་སྦེ་ མ་ཟ་བས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྨན་རྫས་བརྡ་དོན་ནང་ ག་དེ་སྦེ ལག་ལེན་འཐབ་ནི་ཨིན་ན་དང་ཚད་ དེ་ལས་ ཞོར་གནོད་དང་ སྨན་རྫས་ ཕན་ཚུན་བར་འབྲེལ་དང་ གཞན་གནད་དོན་གལ་ཅན་ཚུ་ ཡོད་ཟེར་ཨིནམ་ད་ སྨན་རྫས་ཀྱི་བརྡ་དོན་ཚུ་ སྨན་བཅོས་ཤོག་འཛིན་དང་ འཕྲོད་བསྟེན་བྱིན་མིའི་བསླབ་བྱ་ དེ་ལས་ བརྡ་བརྒྱུད་དང་ སྨན་རྫས་དེབ་ཆུང་ཐོག་ལས་ ཁྱབ་སྤེལ་འབད་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་ནང་པའི་སྨན་ཁང་གིས་ གནད་དོན་༣༤༤༨༡ ལུ་ ཞབས་ཏོག་ཚུ་ བྱིན་ཡོདཔ་ཨིན་པའི་ གནས་ཚུལ།

About admin

Check Also

ཕྱི་རྒྱལ་ལུ་འགྱོ་མི་ འབྲུག་མི་ཚུ་ལུ་ གཞུང་གིས་ གྲོགས་རམ་འབད་ནི་མ་གཏོགས་ བཀག་འཛིན་མེདཔ།

༉ འབྲུག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་ནི་དང་འབྲེལ་ དཔེ་ཆ་ལྷབ་པར་འགྱོ་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལྷོད་ཡངས་བཏང་པའི་ཤུལ་ལས་ མང་སུ་ཐོན་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ རྒྱལ་ཁབ་ནང་ ཞི་བའི་ཞབས་ཏོག་ཞུ་མི་ སྤུས་ཚད་ཅན་གྱི་མི་ཚུ་ བྱང་དོ་ཡོད་པའི་ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས། ལ་ལོ་ཅིག་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *