སྤྱི་ལོ་༢༠༠༩ ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མོང་སྒར་རྫོང་ཁག་ནང་ ཆིབས་སྐྱོད་གནང་པའི་སྐབས་ སློབ་གྲྭ་ཅིག་ནང་ གཟིགས་སྐོར་གནང་སྟེ་ སློབ་ཕྲུག་ཚུ་གི་དོན་ལུ་ བཞེས་སྒོ་འབད་གནང་པའི་བསྒང་།
ད་རིས་ འབྲུག་རྒྱལ་ཁབ་ཀྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ གསེར་ཁྲིར་མངའ་གསོལ་མཛད་པའི་ དུས་སྟོན་ཁྱད་པར་ཅན་ བརྩི་སྲུང་ཞུཝ་དང་འབྲེལ་ ཀུན་གསལ་ལས་འཛིན་གྱི་ ཁ་ཐུག་ལས་ཡང་ འབྲུག་པའི་མི་སེར་ཡོངས་དང་གཅིག་ཁར་ མི་སེར་གྱི་རྒྱལཔོ་མཆོག་ལུ་ གུས་བཏུད་ཀྱི་ བཀྲ་ཤིས་བདེ་ལེགས་ ཞུ་ནི་དང་ མི་དབང་མངའ་ཞབས་མཆོག་ སྐུ་ཚེ་ཞབས་པད་བརྟན་ མཛད་པ་འཕྲིན་ལས་ དར་ཞིང་རྒྱས་ཏེ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ལྷག་པར་དུ་ དགའ་སྐྱིད་ཀྱི་ ཉིམ་ཤར་ཏེ་ གོང་ལས་གོང་དུ་འཕེལ་བཅུག་ཟེར་ སྨོན་འདེབས་ཕུལཝ་ཨིན།
