གསེར་ཀེ་ཇི་༡༡.༥ ནག་ཚོང་འཐབ་ནིའི་དཔའ་བཅམ་མི་ ཕོ་སྐྱེས་༢ འཛིན་བཟུང་།

༉ བུང་ཐང་ལས་ཨིན་མི་ ཕོ་སྐྱེས་གཉིས་ཀྱིས་ གསེར་ནག་ཚོང་འཐབ་ནིའི་ དཔའ་བཅམ་མི་ལུ་བརྟེན་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཕོ་སྐྱེས་གཉིསཔོ་དེ་ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ དྲོ་པའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ཁར་ བེང་ཀོག་ལས་ སྤ་རོ་ལུ་ཆགས་པའི་ཤུལ་ལུ་ ནང་འཁོད་ཅ་དམ་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསང་བའི་སྙན་ཞུ་ལྷོད་མི་དང་བསྟུན་ ཞིབ་དཔྱད་འབད་བའི་སྐབས་ བདའ་ཟུན་ཡོདཔ་སྦེ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཕོ་སྐྱེས་༢ ཀྱིས་ གསེར་ཀེ་ཇི་བསྡོམས་༡༡.༥ འབག་འོང་ཡོདཔ་སྦེ་ཨིན་པས།
གསེར་ཚུ་ཡང་ ཕོ་སྐྱེས་གཉིས་ཀྱིས་ སྐེད་ཐག་བེལཊི་ བཟོ་ཞིནམ་ལས་ མ་མཐོངམ་སྦེ་ འབག་འོང་ཡོདཔ་ཨིན་པས།
ཕོ་སྐྱེས་༢ ཀྱི་གྲས་ལས་ གཅིག་ ལས་འཛིན་ཅིག་ནང་ ལཱ་འབད་མི་ཨིནམ་ད་ གཞན་མི་དེ་ ཚོང་རྐྱབ་སྟེ་ སྡོད་མི་ཨིན་པས།
སྤ་རོ་ལུ་ དུས་ཅི་ལོ་གི་ལོ་ནང་ གསེར་ནག་ཚོང་འཐབ་མི་ ཐེངས་༣ བདའ་ཟུན་ཡོདཔ་ད་ གནད་དོན་༢ ད་ལྟོ་ ཁྲིམས་ཀྱི་འདུན་སར་ ཉེས་འཛུགས་འབད་དེ་ཡོདཔ་ད་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ འཛིན་བཟུང་འབད་མི་ ཕོ་སྐྱེས་༢ ཀྱི་ རྩོད་དོན་དེ་ ད་ལྟོ་ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ད་རེས་ཀྱི་གནད་དོན་དེ་ གསེར་ནག་ཚོང་འཐབ་པའི་ ཉེས་འཛུགས་འབད་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *