གསར་སྤང་ ཤེ་ལྕམ་ཐང་ཁྲོམ་གསར་པའི་ནང་ སྒྲིང་ཁྱིམ་ཚུ་ རྐྱབ་དོ་ཡོདཔ་ཨིན་མས།

གསར་སྤང་ལུ་ སྣུམ་འཁོར་ལམ་དང་ ཟམ་བཟོ་སྐྲུན་འབད་ནིའི་གཙོ་རིམ།

༉ འཁོར་ལམ་བཟོ་སྐྲུན་གྱི་ འཆར་གཞི་ཡོད་མི་དང་འཁྲིལ་ བཟོ་སྐྲུན་འབད་ཚུགས་པ་ཅིན་ རྩི་རང་དང་ གསར་སྤང་བར་ནའི་ རྒྱུན་འགྲུལ་གྱི་དུས་ཚོད་དེ་ མར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
བཙག་འཐུ་གྲུབ་མི་ གསར་སྤང་གཤོམ་སྤང་ཁ་འདེམས་ཁོངས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཊེག་བྷ་དུར་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་ཐུང་ཀུ་བཟོ་ཐོག་ལས་ རྫོང་ཁག་༢ མཐུད་སྦྲེལ་འབད་ནི་ལུ་ ལཱ་རྩ་འགེངས་ཏེ་ འབད་འོང་ཟེར་ཨིན་པས།
ཧེ་མའི་འཆར་གཞི་དེ་ རྩི་རང་རྫོང་ཁག་ མནྜལ་སྒང་གཡུས་ཚན་ལས་ གསར་སྤང་རྫོང་ཁག་ སྡཔ་གཡུས་ཚན་ལུ་ བཟོ་སྐྲུན་འབད་ནི་ཨིན་རུང་ འཆར་གཞིའི་ཁ་གསལ་ཚུ་ ལཱ་འབད་དགོཔ་ ཡོདཔ་ཨིན་པས།
ཊེག་བྷ་དུར་རའི་གིས་ སླབ་མིའི་ནང་ འཆར་གཞི་དེ་ འགོ་མ་བཙུགས་པའི་ཧེ་མར་ དཔལ་འབྱོར་གྱི་ཁེ་ཕན་དང་ སྐྱེ་ལྡན་གནས་སྟངས་ཀྱི་ ཕན་གནོད་ལ་སོགས་པ་ཚུ་ ཞིབ་དཔྱད་འབད་དགོཔ་ཡོདཔ་ལས་ ཁོ་གིས་ ཁས་བླངས་ཚུ་ འགྲུབ་ཚུགསཔ་འབད་ནི་ལུ་ རྩ་འགེངས་འོང་ཟེར་ཨིན་པས།
གསར་སྤང་དེ་ འགྲམ་ཕུག་ལས་ ཀི་ལོ་མི་ཊར་༦༠ དེ་ཅིག་གི་ ས་གནས་ཁར་ཡོདཔ་ད་ ད་ལྟོའི་གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འབད་བའི་སྐབས་ དུས་ཡུན་ཆུ་ཚོད་༡ དང་ སྐར་མ་༣༠ ལྷགཔ་ཅིག་ འགོར་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་འདེམས་ཁོངས་ལས་ བཙག་འཐུ་གྲུབ་མི་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ ཁས་བླངས་ཚུ་ འགྲུབ་ཚུགས་པ་ཅིན་ དགེ་ལེགས་ཕུག་ཁྲོམ་དང་ གཙང་ཆུ་བདའ་སྟེ་ རྒེད་འོག་༤ མཐུད་སྦྲེལ་འབད་ཚུགས་པའི་ མའུ་ཁོ་ལ་གཙང་ཆུ་གུ་ ཟམ་ཅིག་ཡང་ འཐོབ་ཚུགས་ནི་ཨིན་པས།
ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སླབ་མིའི་ནང་ དགེ་ལེགས་ཕུག་གོང་འཕེལ་གྱི་དོན་ལུ་ ག་ནི་བ་ ཁག་ཆེ་ཟེར་ཨིནམ་ད་ དགེ་ལེགས་ཕུག་དེ་ ཁྲོམ་སྦོམ་ཅིག་ལུ་ བསྒྱུར་ཚུགས་པའི་ འོས་འབབ་ཡོདཔ་བཞིན་དུ་ ཟམ་དེ་གིས་ མི་སྟོང་ཕྲག་ལས་བཅད་དེ་ འཇམ་ཏོང་ཏོ་སྦེ་ འགྲོ་འགྲུལ་འབད་ཚུགས་པའི་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ ཟམ་བཟོ་སྐྲུན་གྱི་ ཁས་བླངས་དེ་ རྒྱལ་ཡོངས་ཀྱི་ ཁས་བླངས་གསལ་བསྒྲགས་ནང་ བཙུགས་ཏེ་ཡོདཔ་ད་ ཚོགས་པ་གིས་ ཁས་བླངས་ནང་ རྒྱལ་ཁབ་ཀྱི་ མི་སྡེ་དཔལ་འབྱོང་གོང་འཕེལ་དང་ དབུལ་ཕོངས་མར་ཕབ་ཀྱི་དོན་ལུ་ འཁོར་ལམ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་བཞིན་དུ་ འཁོར་ལམ་དེ་ གོང་འཕེལ་ལས་སྣ་ཚུ་གི་ གཞི་རྟེན་ངོ་མ་ཅིག་ ཨིན་ཟེར་ཨིན་པས།
ཚོགས་པ་གིས་ ལྷ་མོའི་རྫིང་ཁ་དང་ དགེ་ལུགས་ཕུག་ལས་ པཱན་སྦང་དང་ ངང་ལམ་ བདེ་བ་ཐང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ ཇོ་མོ་གཙང་ཁའི་ འཁོར་ལམ་བཟོ་སྐྲུན་འབད་ནིའི་ ཁས་བླངས་འབད་ཡོདཔ་མ་ཚད་ ཁྲོམ་དང་ རྫོང་ཁག་ཚུ་ མཐུད་སྦྲེལ་འབད་དེ་ ཤར་ལྷོའི་གཞུང་ལམ་བཟོ་སྐྲུན་འབད་ནི་ལུ་ཡང་ ཁས་བླངས་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *