གསང་བའི་ཉོགས་བཤད་བཀོད་དོན་ལུ་ དམིགས་བསལ་གྱི་ བརྒྱུད་འཕྲིན་ཨང་།

༉ སྤྱིར་བཏང་མི་མང་གིས་ གསང་བའི་ཐོག་ལས་ ཉོགས་བཤད་བཀོད་ནི་དང་ ཁྲིམས་འགལ་ཐོག་ལས་ བྱ་ངན་འབད་བའི་ བརྡ་དོན་བརྗེ་སོར་འབད་ནིའི་ ལྷན་ཐབས་ལུ་ ཁྲིམས་སྲུང་འགག་སྡེ་གིས་ མི་སྡེ་བརྡ་བརྒྱུད་ ཝཱཊསི་ཨིཔ་དང་ ཝི་ཅེཊ་ ཊེ་ལི་ག་རམ་བརྒྱུད་དེ་ དམིགས་བསལ་གྱི་ བརྒྱུད་འཕྲིན་ཨང་ཅིག་ གསལ་སྟོན་འབད་ཡོདཔ་ད་ དེ་ཡང་ སྤྱིར་བཏང་མི་སྡེ་དང་ རྒྱལ་ཁབ་ཀྱི་ ཉེན་སྲུང་དོན་ལུ་དམིགས་ཏེ་ ཨིན་པའི་གནས་ཚུལ།

ཀིངསི་གཙུག་ལག་སློབ་སྡེའི་ནང་ རྒྱལ་པོའི་སློབ་གཉེར་གྲོགས་རམ།

༉ བ་རཱ་སིལ་ལུ་ཡོད་པའི་ འབྲུག་གི་ གཞུང་ཚབ་ཡིག་ཚང་དང་འཁྲིལ་བ་ཅིན་ ཡུ་ཀེ་ལུ་ ཀིངསི་གཙུག་ལག་སློབ་སྡེའི་ནང་ རྒྱལ་པོའི་སློབ་གཉེར་གྲོགས་རམ་ གཞི་བཙུགས་འབད་ཡོདཔ་ད་ སློབ་གཉེར་གྲོགས་རམ་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁ་ཐུག་ལས་ བ་རཱ་སིལ་ལུ་ འབྲུག་གི་གཞུང་ཚབ་ ཚེ་རིང་རྒྱལ་མཚན་དཔལ་འབྱོར་དང་ ཀིངསི་གཙུག་ལག་སློབ་སྡེའི་ གཙོ་འཛིན་འོགམ་ ཕཱན་མི་ ཨོ་ལོ་ལི་ས་ཀིན་བར་ན་ ཡིག་ཆ་བརྗེ་སོར་ཐོག་ལས་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ལས་རིམ་དེ་ལུ་བརྟེན་ འབྲུག་པའི་ སློབ་ཕྲུག་ཚུ་གིས་ རྒྱལ་སྤྱིའི་མཐེན་འབྲེལ་གྱི་ གཙུག་ལག་གཞི་རིམ་ཤེས་ཡོན་སྦྱང་ནིའི་ གོ་སྐབས་འཐོབ་ཚུགས་ནི་ ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *