རང་ཟླ་༣ པའི་ཚེས་༢༣། སྤྱི་ལོ་༢༠༡༨ ཟླ་༥ པའི་ཚེས་༨།
རེས་གཟའ་ལྷག་པ། སྐར་མ་བྱི་བཞིན། ཉིནམ་ལྕགས་བྱི། རྟེན་འབྲེལ་རྒ་ཤི། འཕྲོད་སྦྱོར་ས་ཆུ་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ སྡོད་གནས་སྤོ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ བང་མཛོད་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ ཞིང་ཁར་སོན་བཏབ་ནི་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད་རུང་། གསོན་གཤིན་གྱི་ མོ་རྩིས་བཏབ་འབད་ནི་དང་ ཨ་ལོའི་སྐྱེས་སྟོན་འབད་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ ལྷོ་ནུབ་ཁ་ཐུག་ལུ་ ཕོགཔ་ཨིན་པས། དུས་ཚོད་ དྲོ་པའི་ཆུ་ཚོད་༡༠ ལས་༡༢ ཚུན་བཟང་།རེས་གཟའ་ལྷག་པ། སྐར་མ་བྱི་བཞིན། ཉིནམ་ལྕགས་བྱི། རྟེན་འབྲེལ་རྒ་ཤི། འཕྲོད་སྦྱོར་ས་ཆུ་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་བཟངམ་ལས་ ལྷ་བསངས་ཁྲུས་གསོལ་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ སྡོད་གནས་སྤོ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ བང་མཛོད་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ ཞིང་ཁར་སོན་བཏབ་ནི་ སྐྱེ་ཤིང་མེ་ཏོག་བཙུགས་ནི་ཚུ་ ལེགས་ཤོམ་ཡོད་རུང་། གསོན་གཤིན་གྱི་ མོ་རྩིས་བཏབ་འབད་ནི་དང་ ཨ་ལོའི་སྐྱེས་སྟོན་འབད་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ ལྷོ་ནུབ་ཁ་ཐུག་ལུ་ ཕོགཔ་ཨིན་པས། དུས་ཚོད་ དྲོ་པའི་ཆུ་ཚོད་༡༠ ལས་༡༢ ཚུན་བཟང་།
རང་ཟླ་༣ པའི་ཚེས་༢༤། སྤྱི་ལོ་༢༠༡༨ ཟླ་༥ པའི་ཚེས་༩།
རེས་གཟའ་ཕུར་བུ། སྐར་མ་མོན་དྲེ། ཉིནམ་ཆུ་གླང་། རྟེན་འབྲེལ་མ་རིག། འཕྲོད་སྦྱོར་ཆུ་རླུང་ཕྲད་པ། ཉིནམ་འདི་ཁར་ གཟའ་སྐར་འཕྲོད་སྦྱོར་ངནམ་ལས་ དུས་རྒྱུན་གྱི་ གསོལ་མཆོད་ཕུལ་ནི་ཚུ་ རྐྱངམ་གཅིག་མ་གཏོགས། རབ་གནས་འབད་ནི་དང་ ཕྱྭ་འགུགས་རྐྱབ་ནི་ གོ་གནས་གསར་བསྐོ་འབད་ནི་ གཉེན་རྐྱབ་ནི་ དམག་སྦྱོང་འགོ་བཙུགས་ནི་ རྟེན་འབྲེལ་བརྩི་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཁྱིམ་གསར་པའི་ནང་འཛུལ་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ དར་འཕྱར་ནི་ ཁྱིམ་ཐོག་བཀབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ཚུ་ མི་བཏུབ་པས། མཁའ་འགྲོའི་རྒྱུ་ལམ་ དུས་འཁོར་དང་ དབྱངས་འཆར་གཉིས་ཆ་ར་ལས་ ནུབ་ཁ་ཐུག་ལུ་ ཕོགཔ་ཨིན་པས།