དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ས་གནས་ཨའི་སི་ལིབ་ལུ་ ས་རུད་ཀྱིས་ འཕྱགས་བདའ་མི་གཞུང་ལམ།

གཞུང་ལམ་བསུབས་མི་ཚུ་ སེལ་བའི་བསྒང་ཡོདཔ།

༉ བདུན་ཕྲག་འདི་ནང་ རྒྱལ་ཁབ་ནང་འཁོད་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ གཞུང་ལམ་༤ ལྷགཔ་ཅིག་ བསུབས་ཡོད་མི་ཚུ་ སེལ་ནིའི་དོན་ལས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢ ལུ་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་ གཞུང་ལམ་དེ་ ས་གནས་ཨོ་སེ་ལུ་ ཆད་ཡོད་ཟེར་ དགེ་ལེགས་ཕུག་ལུ་ཡོད་མི་ ལམ་སེལ་ལས་ཁུངས་ཀྱི་ འཕྲུག་རིག་གཙོ་འཛིན་ སི་བི་མོང་གར་གྱིས་ བཤདཔ་ཨིན་པས།
རྒྱལ་པོའི་ཞིང་དང་ ངང་ལམ་གྱི་ གཞུང་ལམ་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༢ ལས་ཚུར་ ངང་ལམ་ཁ་ཐུག་ལུ་ ས་གནས་ཀུན་རི་ཟམ་པ་ལུ་ བསུབས་ཡོདཔ་ལས་ སྣུམ་འཁོར་དག་པ་ཅིག་ ཐོགས་ལུས་ཏེ་ཡོདཔ་ད་ ལམ་སེལ་ནིའི་དོན་ལུ་ ལམ་སེལ་ལས་བྱེདཔ་དག་པ་ཅིག་ ས་ཁོངས་དེ་ནང་ཡོད་ཟེར་ གླིང་མི་ཐང་ལས་སེལ་སྡེ་ཚན་གྱི་ འཕྲུལ་རིག་ལས་རོགསཔ་གིས་ བཤདཔ་ཨིན་པས།
དེ་ལས་ བསམ་གྲུབ་ལྗོངས་མཁར་ལམ་སེལ་ལས་ཁུངས་ཀྱི་ འཕྲུལ་རིག་གཙོ་འཛིན་ འཇིགས་མེད་བསྟན་འཛིན་གྱིས་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༣ ལུ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ ཀི་ལོ་མི་ཊར་༦༣ གྱི་ས་གནས་ལུ་ གཞུང་ལམ་བསུབས་ཡོད་མི་དེ་ ཁ་ཙ་ སེལ་ཚར་དགོཔ་ཅིག་ཨིན་ཟེར་ཨིན་པས།
ལམ་སེལ་ལས་ཁུངས་ཀྱིས་འབད་བ་ཅིན་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ དགེ་འདུ་ལས་ ཀི་ལོ་མི་ཊར་༣༠ གི་ས་གནས་ ཤཝ་བྱག་ལུ་ ལམ་བསུབས་མི་དེ་ སྤྱི་ཟླ་༧ པའི་ཚེས་༡ ལུ་ སེལ་ཡོདཔ་ཨིན་རུང་ དེ་གི་ནངས་པར་ ལམ་གྱི་གཞི་རྟེན་ རྩ་བ་ལས་ འཕྱགས་བདའ་ནུག་ཟེར་ ཕུན་ཚོགས་གླིང་གི་ ལམ་སེལ་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
དེ་ལས་ ངང་ལམ་ལས་ པཱན་སྦང་ཁ་ཐུག་ལུ་ ཀི་ལོ་མི་ཊར་༣༥ གི་ས་ཁར་ ལམ་བསུབས་མི་དེ་ ཁ་ཙ་དྲོ་པར་ཆུ་ཚོད་༡༠ དེ་ཅིག་ལུ་ སེལ་ཡོད་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *