གཞུང་དང་ བརྡ་བརྒྱུད་བར་ན་ མཉམ་འབྲེལ་ལེགས་ཤོམ་དགོཔ།

༉ སྤྱི་ཟླ་༡༢ པའི་ཚེས་༧ ལུ་ རྒྱལ་ཡོངས་ཚོགས་འདུའི་ རྡོ་གཅལ་ནང་སྦེ་ བློན་ཆེན་དང་ བརྡ་བརྒྱུད་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ བརྡ་བརྒྱུདཔ་ཚུ་ ཧ་ལས་དགོཔ་བྱུང་བའི་ཁར་ སྤྲོ་སྣང་སྦོམ་སྦེ་ར་ བྱུང་ཡི།
མ་གཞི་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཟླ་རིམ་ཞལ་འཛོམས་དེ་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་ འགོ་འདྲེན་འཐབ་མི་ལུ་བརྟེན་ བརྡ་བརྒྱུདཔ་ཚུ་ ཚོགས་ཁང་དེ་ནང་ སྤུངས་འཛོམས་འབད་རུང་ ད་རེས་ འགོ་དཔོན་ཚུ་གིས་ རྡོ་གཅལ་ནང་ འགོ་འདྲེན་འཐབ་ནི་སྦེ་ བརྡ་སྟོན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༧ གྱི་ ཉིན་མ་ཁམས་ཅིག་ཁར་ གནམ་གཤིས་བསིལ་དྲགས་དང་གཅིག་ཁར་ རྒྱལ་ཡོངས་ཚོགས་འདུའི་ རྡོ་གཅལ་ནང་ བློན་ཆེན་ཊོག་ཊར་ བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་ལུ་ བཤད་མིའི་ནང་ བརྡ་བརྒྱུདཔ་ཚུ་གིས་ མི་མང་ལུ་ གོ་བ་བརྡ་ལོག་འབད་ནི་ལས་ འཛེམ་དགོཔ་ཁག་ཆེ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་༥ འི་རིང་ལུ་ གཞུང་དང་ བརྡ་བརྒྱུདཔ་ཚུ་གི་བར་ནའི་ མཉམ་འབྲེལ་དེ་ གང་དྲག་བཞག་དགོ་ཟེར་ཨིནམ་ད་ གལ་སྲིད་ བརྡ་བརྒྱུདཔ་ཚུ་གིས་ གོ་བ་བརྡ་ལོག་སྦེ་ བརྡ་སྤྲོད་འབད་བ་ཅིན་ སྟབས་མ་བདེཝ་ འཐོན་འོང་ཟེར་ཨིན་པས།
བློན་ཆེན་ཊོག་ཊར་ བློ་གྲོས་ཚེ་རིང་གིས་ བཤད་མིའི་ནང་ རེས་གཟའ་སྤེན་པའི་ ཞལ་འཛོམས་དེ་ ཐེངས་༣ དེ་ཅིག་ རྡོ་གཅལ་ནང་ ཐུང་སུ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཟེར་ཨིནམ་ད་ དེ་བསྒང་ གཞུང་གིས་ བདུན་ཕྲག་༡ ནང་ འཆར་གཞི་དང་གནས་སྐབས་ དེ་ལས་ གྲོས་འཆར་བྱུང་མི་ཚུ་ གསལ་བསྒྲགས་འབད་ནི་དང་འབྲེལ་ དྲི་བ་གལ་ཅན་ཚུ་ ལེན་ཞིནམ་ལས་ མཇུག་བསྡུ་ནི་ཨིན་ཟེར་ཨིན་པས།
ཨིན་རུང་ ཟླ་རིམ་གྱི་ རེས་གཟའ་མཇུག་དེ་ བརྡ་བརྒྱུདཔ་ཚུ་ལས་ དྲི་བ་ལེ་ཤ་ལེན་ཞིནམ་ལས་ རྒྱལ་ཡོངས་ཚོགས་འདུའི་ ཞལ་འཛོམས་ནང་སྦེ་ འགོ་འདྲེན་འཐབ་ནིའི་ འོས་འབབ་ཚུ་བལྟ་འོང་ཟེར་ཨིནམ་ད་ དྲི་བ་དེ་ཡང་ བརྗོད་དོན་དང་འཁྲིལ་ ཁ་གསལ་དགོ་ཟེར་ཨིན་པས།
ལས་རིམ་དང་ སྲིད་བྱུས་ཚུ་ གོ་བ་བརྡ་སྤྲོད་འབད་ནི་ལུ་ བརྡ་བརྒྱུདཔ་ཚུ་དང་ ལཱ་འབད་ནི་ཨིནམ་བཞིན་དུ་ བརྡ་བརྒྱུདཔ་ཚུ་དང་ འབྲེལ་བ་འཐབ་ནི་ལུ་ ཤུམས་ཚུད་དེ་མེདཔ་ལས་ བདེན་པ་དང་ འཛོལ་བ་གཉིས་ཆ་ར་ འཐོན་འགྱོ་འོང་ཟེར་ བློན་ཆེན་གྱིས་ བཤད་ཅི།
གཞུང་གི་ ཚ་གྱང་གཅིགཔོ་དེ་ བརྡ་བརྒྱུདཔ་ཚུ་གིས་ མི་མང་ལུ་ གོ་བ་བརྡ་ལོག་འབད་ནི་དེ་ཨིན་ཟེར་ཨིནམ་ད་ བློན་ཆེན་གྱིས་ ག་ཅི་ར་གསུངས་རུང་ དེའི་དོན་དག་ཚུ་ ཧ་གོ་དགོ་ཟེར་ཨིན་པས།
རེས་གཟའ་སྤེན་པའི་ བརྡ་བརྒྱུདཔ་ཚུ་དང་ འཕྱད་དགོ་པའི་ དམིགས་དོན་ངོ་མ་དེ་ར་ རྒྱལ་ཡོངས་ལུ་ གཞུང་གི་སྲིད་བྱུས་དང་ གྲོས་ཐག་བཅད་མི་ཚུ་ བརྡ་སྤྲོད་འབད་ནིའི་དོན་ལུ་ ཨིན་པས།
ང་བཅས་ཀྱིས་ ལཱ་འབད་མི་དེ་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ཨིན་ཟེར་ཨིནམ་བཞིན་དུ་ དེ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ཡོད་ནི་དེ་གིས་ མི་སེར་ཚུ་ལུ་ བརྡ་སྤྲོད་འབད་དགོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *