འཆམ་རོལ་བརྡུང་མི་ མགོན་པོ།

གཞུང་གྲྭ་ཚང་གི་ འཆམ་རོལ་བརྡུང་མི་དང་ འཆམ་གྱི་དོ་དམ་གསརཔ་ བསྐོ་བཞག་གནང་ཡོདཔ།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་ཀྱིས་ གཞུང་གྲྭ་ཚང་གི་ སྦུག་གྲལ་སྡེ་ཚན་ལས་ མི་གཉིས་པ་ མགོན་པོ་ལུ་ འཆམ་རོལ་བརྡུང་མི་གསར་པའི་ གོ་གནས་གསར་བསྐོ་ཐོག་ བཀྲ་ཤིས་ལེགས་ཁར་གནང་ཡི།
དབང་འདུས་རྫོང་ཁག་ ཉི་ཤུ་རྒེད་འོག་ ཁྱིམ་མཚེས་གླིང་ལས་ཨིན་མི་ སྐྱེས་ལོ་༤༥ ལང་མི་ མགོན་པོ་གིས་ སྐྱེས་ལོ་༧ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་དེ་ རང་ལུགས་དཔལ་ལྡན་འབྲུག་པའི་ གར་ཐིག་དབྱངས་གསུམ་གྱི་ སློབ་སྦྱོང་མཐར་ཕྱིན་འབད་ནུག།
དེ་ལས་ སྤུང་ཐང་ལེགས་བཤད་འབྱུང་གནས་བཤད་གྲྭ་ནང་ ཞིང་གཤེགས་དམ་པ་ སྒྲ་སློབ་ཀུན་ལེགས་རྒྱལ་མཚན་ལས་ ནང་པའི་གཞུང་དང་ རིག་གནས་ཚུ་ སྦྱངས་ཡོདཔ་མ་ཚད་ སྤྱི་ཞིང་བསམ་གཏན་ཆོས་གླིང་དགོན་པ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཉམས་ལེན་ འབད་ནུག།

འཆམ་གྱི་དོ་དམ་ ཚེས་བཅུ།

དེ་གི་ཤུལ་ལས་ སྤུངས་ཐིམ་གྲྭ་ཚང་ནང་ སྐུ་དྲུང་གི་ འགན་ཁུར་འབག་ཡོདཔ་ད་ ད་ལྟོ་ འཆམ་རོལ་བརྡུང་མིའི་ གོ་གནས་མ་འབག་ཚུན་ གཞུང་སྦུག་གྲལ་སྡེ་ཚན་ནང་ མི་གཉིས་པ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་རྫོང་ཁག་ ཨུ་མ་ལས་ སྐྱེས་ལོ་༤༥ ལང་མི་ ཚེས་བཅུ་ལུ་ འཆམ་གྱི་དོ་དམ་གསར་པའི་ གོ་གནས་ཐོག་ བཀྲ་ཤིས་ལེགས་དར་གནང་ཡི།
ཚེས་བཅུ་གིས་ སྐྱེས་ལོ་༧ ལས་ དགེ་སློང་ནང་ འཛུལ་ཞུགས་འབད་བའི་ཤུལ་ལུ་ རང་ལུགས་དཔལ་ལྡན་འབྲུག་པའི་ སྒྲིགས་ལམ་ཆོས་གསུམ་དང་ གར་ཐིག་དབྱངས་གསུམ་གྱི་ ཕྱག་ལེན་ཚུ་ མཐར་ཕྱིན་སྦེ་ སྦྱངས་པའི་ཤུལ་ལས་ སྤང་དཀར་པོ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་ཉམས་ལེན་ འབད་ཡོདཔ་ཨིན་པས།
ད་རེས་ འཆམ་གྱི་དོ་དམ་གསར་པའི་ གོ་གནས་མ་འབག་པའི་ཧེ་མར་ སྤུངས་ཐིམ་གྲྭ་ཚང་གི་ ཆོས་ཁྲིམས་ཀྱི་ ལཱ་འགན་འབག་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *