གཞུང་གི་སློབ་གྲྭའི་སློབ་དཔོན་ཚུ་ དགོངས་ཞུ་འབད་བཞིན་དུ་ཡོདཔ།

༉ ལོ་བསྟར་ཤེས་རིག་གི་གནས་སྡུད་༢༠༢༡ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ཟླ་༦ པ་ལས་ སྤྱི་ལོ་༢༠༢༡ ཟླ་༧ པའི་ནང་འཁོད་ལུ་ སློབ་དཔོན་༣༥༣ གྱིས་ སློབ་སྟོན་གྱི་ ཁྱད་གཡོག་ལས་ དགོངས་ཞུ་འབད་ནུག།

དགོངས་ཞུ་འབད་མི་ཚུ་ལས་ རང་སོའི་གནད་དོན་ཐོག་ལུ་ སློབ་དཔོན་༢༢༤ གིས་ དགོངས་ཞུ་འབད་ཡོདཔ་ད་ འདས་པའི་ལོ་ནང་ ཟླ་རིམ་བཞིན་དུ་ སློབ་དཔོན་༡༩ དེ་ཅིག་གི་རྩིས་ དགོངས་ཞུ་འབད་ཡོདཔ་ཨིན་པས།

ཁས་བླང་ཐོག་ལས་ དགོངས་ཞུ་འབད་མི་གིས་ མ་དོ་བར་ གནད་དོན་སྦོམ་ཤོས་གཞན་ཚུ་ཡང་ ཁག་འབགཔ་གི་གནས་ཡུན་ཚང་མི་དང་ དགོངས་ཞུའི་ལོ་གྲངས་ཚང་མི་ལུ་བརྟེན་ སློབ་དཔོན་གྱི་ ཁྱད་གཡོག་བཞོག་བཤལ་དགོཔ་ བྱུང་ཡོདཔ་ད་ ལོ་གྲངས་ཚང་མི་ སློབ་དཔོན་༥༤ དང་ ངེས་པར་དུ་ དགོངས་ཞུ་འབད་དགོཔ་ཐོན་མི་ སློབ་དཔོན་༣ དེ་ལས་ སློབ་དཔོན་༤༩ ཁག་འབག་གི་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་ནུག།

དེ་མ་ཚད་ སློབ་དཔོན་༢༣ གྱིས་ གནད་དོན་གཞན་ཚུ་ལུ་བརྟེན་ སློབ་གྲྭའི་ལམ་ལུགས་ལས་ཐོན་ཏེ་ ལས་སྡེ་གཞན་ནང་ འཛུལ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ཚུན༌ སློབ་དཔོན་དགོངས་ཞུ་འབད་མི་ ཡར་སེང་སོང་ཡོད་རུང་ སྤྱི་ལོ་༢༠༢༠ ལུ་ མར་བབས་སོང་མི་དེ་ཡང་ ལོ་དེ་ནང་ སློབ་དཔོན་༡༦༣ གྱིས་ དགོངས་ཞུ་འབད་མི་དེ་ བརྒྱ་ཆ་༡.༩ དེ་ཅིག་ཨིན་པས།

ཨིན་རུང་ དུས་ཅི་  སློབ་དཔོན་དགོངས་ཞུའི་ཚད་གཞི་དེ་ བརྒྱ་ཆ་༣.༨ ལུ་ ཡར་སེང་སོང་ཡོདཔ་ད་ སློབ་དཔོན་ཚུ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་མི་དེ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ཨིན་པས།

གནས་སྡུད་དང་འཁྲིལཝ་ད་ འདས་པའི་ལོ་༦ གི་ནང་འཁོད་ལུ་ སློབ་དཔོན་༡,༣༣༦ གིས་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ཡོདཔ་ད་ སྤྱི་ལོ་༢༠༡༦ ལུ་ སློབ་དཔོན་༢༠༠ དང་ དུས་ཅི་སྤྱི་ཟླ་༦ པའི་ནང་ སློབ་དཔོན་༢༢༤ གིས་ ཤེས་རིག་ལམ་ལུགས་དེ་ བཤོལ་བཞག་ནུག།

གཞུང་གིས་ སློབ་དཔོན་ཚུ་གི་ ཐོབ་ཐངས་དང་ དངུལ་ཕོགས་ཡར་སེང་འབད་ཡོད་རུང་ དགོངས་ཞུ་འགྱོ་བའི་ གནད་དོན་དེ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ད་ སློབ་དཔོན་མང་ཤོས་ཅིག་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༠ ལུ་ སློབ་དཔོན་དགོངས་ཞུ་མིའི་ གྱངས་ཁ་མར་འབབ་འགྱོ་མི་དེ་ ཀོ་བིཌ་-༡༩ ལུ་བརྟེན་ འོང་ནི་ཨིན་རུང་ ད་རེས་ ཡར་སེང་སོང་མི་དེ་ཡང་ ལཱ་ལྕི་དྲགས་པའི་ཁར་ སློབ་སྟོན་གྱི་ ལས་སྣ་རྐྱངམ་གཅིག་མེན་པར་ ལཱ་གཞན་འབད་དགོཔ་བཞིན་དུ་ སློབ་སྟོན་གྱི་ ཁྱད་རིག་དེ་ར་ གདོང་ལེན་ཅན་ཨིནམ་མ་ཚད་ ཞི་གཡོགཔ་གཞན་བཟུམ་སྦེ་ ངལ་གསོ་མ་ཐོབ་མི་དེ་གིས་འོང་ཟེར་ཨིན་པས།

དར་དཀར་ནང་ལས་ སློབ་དཔོན་ཅིག་གིས་ སླབ་མིའི་ནང་ སྤྲོ་འཐུས་རྐྱངམ་གཅིག་གིས་ སློབ་དཔོན་ཚུ་ ཤེས་རིག་གི་ ལམ་ལུགས་ནང་ བཞག་མི་ཚུགས་ཟེར་ཨིནམ་ད་ སློབ་དཔོན་ལ་ལོ་ཅིག་ མཐའ་ཟུར་ནང་ ལཱ་འབད་ནི་ལུ་ གོམས་སྦྱང་ཚུད་དེ་མེདཔ་ལས་ སློབ་གྲྭ་ཆགས་ཚུལ་གྱིས་ཡང་ དགོངས་ཞུ་འབད་ནི་ལུ་ རྒྱུད་རྐྱེན་འབྱུང་སྲིད་ཟེར་ཨིན་པས།

སློབ་དཔོན་ཚུ་གིས་ ཕྱིའི་རྒྱལ་ཁབ་ཀྱི་ འཚོ་བའི་གནས་ཚད་ མཐོ་དྲགས་ཐོག་ལས་ ལཱ་འབད་ནི་དང་ དཔེ་ཆ་ལྷབ་པར་ འགྱོ་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ སྲིད་དོན་ནང་ འཛུལ་ནི་དང་ ཚོང་འབྲེལ་འཐབ་ནིའི་ལུ་ དགོངས་ཞུ་འབདཝ་མས་ཟེར་ བཤདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལས་༢༠༢༡ གི་ནང་འཁོད་ལུ་ སློབ་དཔོན་༡,༩༨༦ གིས་ ཁྱད་གཡོག་བཞག་མི་ལས་༡,༣༧༤ ཞི་གཡོགཔ་ཨིན་པས།

འདས་པའི་ལོ་༦ ནང་ ཕྱི་རྒྱལ་གྱི་ སློབ་དཔོན་མར་བབས་དང་ རྒྱལ་ཡོངས་ཀྱི་ སློབ་དཔོན་ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༢༠ ལུ་ གཞུང་དང་ སྒེར་གྱི་སློབ་གྲྭ་ཚུ་བརྩིས་ཏེ་ ཕྱིའི་སློབ་དཔོན་༡༤༨ ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སློབ་དཔོན་སྦེ་ ཕྱག་ཞུ་མི་འབྲུགཔ་༡༠,༠༥༢ ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ སློབ་དཔོན་༡,༡༡༧ གྱིས་ རྒྱལ་ཡོངས་ཀྱི་ གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་ཡོད་པའི་ཁར་ སློབ་དཔོན་ཚུ་༢,༢༧༩ གིས་ ཤེས་རིག་གི་ གཙུག་ལག་གཞི་རིམ་དང་ གཙུག་ལག་ཁྱད་རིག་ ཤེས་ཡོན་གྱི་ སློབ་སྦྱོང་འབད་མི་དེ་ ཧེ་མ་དང་ཕྱདཔ་ད་ མར་བབས་སོང་ནུག་ཟེར་བཀོད་ནུག།

ད་རེས་ གཞུང་དང་ སྒེར་སྡེ་ དེ་ལས་ རྒྱ་སྐྱེད་སློབ་གྲྭ་ཚུ་བརྩིས་ཏེ་ རྒྱལ་ཁབ་ནང་ སློབ་གྲྭའི་བསླབ་སྟོན་པ་༡༤༦ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *