བསོད་ནམས་ལས་སྐྱིད།
སྐྱེས་ལོ་༣༨།
ཤེས་ཚད། ཤེས་རིག་ནང་ མཐོ་རིམ་ཤེས་ཡོན།
ཉམས་མྱོང་། ལོ་༡༡ གི་རིང་ ཚན་རིག་སློབ་དཔོན་དང་ བརྡ་དོན་ དེ་ལས་ ཚན་རིག་གི་རྩ་གཞུང་བྲིས་ཡོདཔ།
ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?
སྙིང་རྗེ་ཅན་གྱི་ སློབ་དཔོན་དང་ སྲིད་དོན་པ་སྦེ་ མི་དབང་མཆོག་དང་ རྒྱལ་ཁབ་ དེ་ལས་ མི་སེར་ཚུ་ལུ་ ཕྱག་ཞུ་ནི།
ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?
གསོ་བ་དང་ ཤེས་རིག་ སོ་ནམ་ དེ་ལས་ འཁོར་ལམ་དང་ བརྡ་དོན་ཚུ་ལུ་ གཙོ་རིམ་བཟུང་ནི།
ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?
མི་སེར་གྱིས་ གདམ་ཁ་རྐྱབ་མི་ལུ་ དགའ་ཚོར་ཡོད། སྒོ་བཤལ་སྐུལ་བསྒྲགས་ བསྐྱར་ཞིབ་འབད་དགོཔ་འདུག།
ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་འདུག?
ངན་ལྷད་དེ་ གདོང་ལེན་སྦོམ་ཤོས་ཅིག་སྦེ་མཐོངམ་མས།
མི་སེར་ཚུ་གིས་ ཁྱོད་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?
གསོ་བ་དེ་ གཙོ་རིམ་དང་པ་ཨིནམ་ད་ ན་གཞོན་གྱི་ མ་འོངས་མི་ཚེ་ཡང་ བལྟ་ནི་ཨིནམ་ད་ མི་སེར་གྱི་དོན་ལུ་ཡང་ ཁས་བླངས་ཚུ་ཡོད།
ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?
འགོ་དང་པ་ར་ གྲོང་གསེབ་མི་སེར་ཚུ་གི་དོན་ལུ་ ཉེ་བར་མཁོ་བའི་ གནད་དོན་ཚུ་ བལྟ་ནིའི་དོན་ལུ་ འདེམས་ཁོངས་ཡིག་ཚང་ འགོ་བཙུགས་ནི།
མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?
མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ནི་ལུ་་ ལྷན་ཐབས་འབདཝ་ཨིན་རུང་ མ་འོངས་པའི་དོན་ལུ་ ལྟ་རྟོག་ལེགས་ཤོམ་འབད་མི་དགོཔ་འདུག།།