གཞལམ་སྒང་ པཱན་སྦང་།

ཚེ་རིང་།

སྐྱེས་ལོ་༤༥།

ཤེས་ཚད། དཔལ་འབྱོར་ནང་ མཐོ་རིམ་གོང་མ་དང་ ཤེས་རིག་ནང་ མཐོ་རིམ་ཤེས་ཡོན།

ཉམས་མྱོང་། ལོ་༡༨ ཀྱི་རིང་ སློབ་དཔོན་དང་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་ཡོདཔ།

ཁྱོད་རའི་སྐོར་ལས་ ཚིག་ཐེངས་༣ སླབ?

ཕྲང་སྟེ་སླབ་མི་ ལཱ་རྩ་འགེངས་འབད་མི་ དེ་ལས་ རང་དོན་མ་བལྟ་མི།

ཁྱོད་རའི་འདེམས་ཁོངས་ནང་ གཙོ་རིམ་ག་ཅི་བཟུང་ནི?

ཁྱིམ་གུང་ག་རའི་ནང་ ཆུ་གིས་བཤལ་བཏུབ་པའི་ གསང་སྤྱོད་ཡོདཔ་བཟོ་ནི་དང་ འཐུང་ཆུ་ འཁོར་ལམ་གྱི་མཐུད་སྦྲེལ་ དེ་ལས་ དཀའ་ངལ་མེད་པའི་ གློག་མེའི་མཐུན་རྐྱེན་བྱིན་ནི།

ད་རེས་ཀྱི་ བཙག་འཐུ་ནང་ལས་ ཁྱོད་ཀྱིས་དགའ་མི་དང་ མ་དགའ་མི་རེ་སླབ?

དགའ་མི་དེ་ མི་སེར་ཚུ་གིས་ འདས་པའི་བཙག་འཐུ་ཐེངས་གཉིས་དང་ཕྱདཔ་ད་ ད་རེས་ཀྱི་ བཙག་འཐུ་ནང་ བཙག་འཐུའི་བྱ་རིམ་ཚུ་གི་སྐོར་ལས་ མང་སུ་སྦེ་ ཧ་གོ་མི། མ་དགའ་མི་དེ་ མི་ཚུ་གིས་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་བཏང་མི་དང་ གོ་དོན་ཚུ་ ཧ་མ་གོ་སྟེ་འབད་རུང་ ཚོགས་པ་༡ དང་གཅིག་ཁ་ར་ འབྲེལ་བ་བཞག་མི་དེ་ བསྒྱུར་མེད་པར་ སྔར་ག་ཨིནམ་སྦེ་ སྡོད་མི་དེ་ཨིན།

ཁྱོད་ཀྱིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་དོན་ལུ་ གདོང་ལེན་སྦོམ་ཤོས་ར་ ག་ཅི་མཐོངམ་མས?

གྱངས་ཁ་ཡར་སེང་འགྱོ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ དོན་སྨིན་ཅན་གྱི་ ལཱ་གཡོག་སྤྲོད་མ་ཚུགས་མི།

མི་སེར་ཚུ་གིས་ ཁྱོད་ལུ་ ཚོགས་རྒྱན་བཙུགས་དགོ་པའི་ གནད་དོན་གསུམ་སླབ?

ང་གིས་ ད་རེས་འབདཝ་ད་ བཙག་འཐུ་ནང་ཐེངས་༢ བཅའ་མར་གཏོགས་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ང་ ཁོང་གི་ངོ་ཚབ་སྦེ་ ཐོན་ཡོད་པའི་སྐོར་ལས་ ཧ་གོ་ཡོདཔ་ད་ པཱན་སྦང་གི་ མི་སེར་ཚུ་གིས་ ཚོགས་པ་དང་ འཐུས་མི་སོ་སོར་གྱིས་ ལཱ་ཚུ་ ག་དེ་སྦེ་ འབདཝ་ཨིན་ན་ ཤེས་དགོཔ་མ་ཚད་ འབྲུག་མཉམ་རུབ་ཚོགས་པ་གིས་ རྒྱལ་ཁ་འཐོབ་པ་ཅིན་ པཱན་སྦང་འདེམས་ཁོངས་ལས་ གཞུང་སྐྱོང་ནང་ འཐུས་མི་ངོ་ཚབ་ འོང་ནི་མ་གཏོགས་ ལྡོག་ཕྱོགས་ནང་མི་འོང་།

ཁྱོད་ར་ རྒྱལ་ཁ་འཐོབ་པ་ཅིན་ འགོ་དང་པ་ར་ ག་ཅི་འབད་ནི་སྨོ?

ངེ་གི་དོན་ལུ་ དཀའཝ་སྤྱད་མི་ རྒྱབ་སྐྱོར་པ་ཚུ་ལུ་ བརྒྱུད་འཕྲིན་བཏང་སྟེ་ ཁས་བླངས་འབད་མི་ཚུ་ གཏན་འཁེལ་བཟོ་ཐོག་ལས་ ལོ་ལྔའི་རིང་ ག་ཅི་ར་ འབད་ནི་ཨིན་ན་ཚུ་ གྲ་སྒྲིག་འབད་ནི།

མི་སྡེ་བརྡ་བརྒྱུད་དེ་ བཙག་འཐུ་ནང་ ཕན་གནོད་ག་དེ་སྦེ་འདུག?

མི་སྡེ་ཚུ་ནང་ དྭངས་གསལ་ཐོག་ལས་ གོ་བརྡ་སྤྲོད་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ཀྱིས་ ཕན་ཐོགས་བྱུངམ་མས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *