གཞལམ་སྒང་གི་མི་སེར་ཚུ་ ཚོགས་རྒྱན་བཙུགས་ནི་ལུ་ གྱལ་བསྣར་སྡོད་པའི་བསྒང་།

གཞལམ་སྒང་གི་འདེམས་ངོ་༢ ཆ་ར་གིས་ ལྡོག་ཕྱོགས་ནང་ ཕྱག་ཞུ་ནིའི་གོ་སྐབས།

༉ གཞལམ་སྒང་རྫོང་ཁག་ བར་དོ་ཀྲོང་དང་ པཱན་སྦང་འདེམས་ཁོངས་གཉིས་ཆ་རའི་འཐུས་མི་གིས་ ཁ་ཙ་ སྤྱིར་བཏང་བཙག་འཐུ་ནང་ལས་ གདམ་འཐུ་གྲུབ་སྟེ་ རྒྱལ་ཡོངས་ཚོགས་འདུ་ནང་ ལྡོག་ཕྱོགས་སྦེ་ ཕྱག་ཞུ་ནི་ཨིན་པས།

པཱན་སྦང་འདེམས་ཁོངས་ཀྱི་ རྡོ་རྗེ་དབང་འདུས་ཀྱིས་ ཚོགས་རྒྱན་བསྡོམས་༢༩༨༤ ཐོབ་སྟེ་ ཁོ་རའི་བྱང་ཕྱད་ ཚེ་རིང་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གིས་ དུས་ཅི་འབདཝ་ད་ སྤྱི་ཚོགས་ནང་ ཐེངས་གསུམ་བཙག་འཐུ་གྲུབ་ཡོདཔ་ད་ ལྡོག་ཕྱོགས་སྦེ་ ཐེངས་གཉིས་པ་ བཙག་འཐུ་གྲུབ་ཨིན་པས།

ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༣༨༨ དང་ འཕྲུལ་ཆས་ཚོགས་རྒྱན་༡༥༩༦ ཐོབ་ཡོདཔ་ཨིན་པས།

ཁོ་གི་བྱང་ཕྱད་ ཚེ་རིང་གིས་ ཚོགས་རྒྱན་བསྡོམས་༢༥༢༥ ཐོབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༥༠༤ དང་ འགྲེམ་ཐོག་ཚོགས་རྒྱན་༡༠༢༡ ཐོབ་ཡོདཔ་ད་ ད་རེས་འབདཝ་ད་ རྡོ་རྗེ་དབང་འདུས་ལུ་ ཐེངས་གཉིས་ཕམ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ རྡོ་རྗེ་དབང་འདུས་ཀྱིས་ ཚེ་རིང་ལས་ ཚོགས་རྒྱན་༤༢ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོད་རུང་ དུས་ཅི་༤༥༩ ཐེབས་ཐོབ་ཡོདཔ་ད་ རྡོ་རྗེ་དབང་འདུས་ཀྱིས་ འགྲེམ་ཐོག་དང་འཕྲུལ་ཆས་གཉིས་ཆ་རའི་ནང་ལས་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།

བར་དོ་ཀྲོང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ མགོནམ་ཚེ་རིང་གིས་ སྤྱི་ཚོགས་ནང་ འགོ་དང་པ་ ཕྱག་ཞུ་ནི་ཨིན་པས།

ཁོག་གིས་ ཚོགས་རྒྱན་བསྡོམས་༣༦༣༣ ཐོབ་ཡོདཔ་ད་ དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༡༧༩༤ དང་ འཕྲུལ་ཆས་ཚོགས་རྒྱན་༡༨༣༩ ཐོབ་ཡོདཔ་ད་ ཁོ་གི་བྱང་ཕྱད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ བསོད་ནམས་ལས་སྐྱིད་ཀྱིས་ ཚོགས་རྒྱན་བསྡོམས་༣༥༠༧ ཐོབ་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་༡༩༥༣ དང་ འཕྲུལ་ཆས་ཚོགས་རྒྱན་༡༥༥༤ ཐོབ་ནུག།

བསོད་ནམས་ལས་སྐྱིད་ཀྱིས་ མགོནམ་ཚེ་རིང་ལས་ འགྲེམ་ཐོག་ཚོགས་རྒྱན་༡༥༩ ཐེབས་ཐོབ་ཡོད་རུང་ འཕྲུལ་ཆས་ཚོགས་རྒྱན་ནང་ ཕམ་ཡོདཔ་ད་ མགོནམ་ཚེ་རིང་གིས་ འགྲེམ་ཐོག་ཚོགས་རྒྱན་༡༧༩༤ ལས་མ་ཐོབ་པས།

བར་དོ་ཀྲོང་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༢༦༣༢ ཐོབ་མི་ལས་ ཕུད་རྡོག་གཅིག་ཡང་ ཆ་མེད་མ་འགྱོ་རུང་ ལྷན་ཐབས་འགྲེམ་ཐོག་ནང་ལས་༥ ཆ་མེད་སོང་ཡོདཔ་ཨིན་པས།

མགོནམ་ཚེ་རིང་གིས་ བཙག་འཐུའི་གྲུབ་འབྲས་དེ་ རྒྱལ་ཚུགས་པའི་རེ་བ་སྦོམ་ཡོད་རུང་ རྒྱལ་ཕམ་ནང་ལྷོདཔ་ད་ ཁོ་ལུ་ སྤྲོ་བ་ཐེབས་ཅིག་ ག་ནི་ཡང་མེདཔ་ལས་ བརྩི་སྲུང་ཡང་ ག་ནི་ཡང་མ་འབད་ཟེར་ཨིན་པས།

ཀུན་གསལ་གྱིས་ ཁོ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ ཁོ་རའི་གཡུས་ ཁོམ་ཤར་ལུ་ ནང་མི་ཚུ་དང་གཅིག་ཁར་ཡོད་པའི་ཁར་ ཁོ་གིས་ ད་ལས་ཕར་ མི་སེར་དང་ མི་དབང་རིམ་བྱོན་ཚུ་ལུ་ གུས་ཞབས་ཐོག་ལས་ ཕྱག་ཞུ་ནི་ཨིན་ཟེར་བཤད་ཅི།

བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུ་དྭངས་གསལ་ཐོག་ལས་ འགོ་འདྲེན་འཐབ་མི་ལུ་ དགའ་ཚོར་ཡོད་ཟེར་ཨིན་པའི་ཁར་ ཁོ་རའི་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ཡང་ རྒྱབ་སྐྱོར་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ མགོནམ་ཚེ་རིང་གིས་བཤད་ཅི།

ཀུན་གསལ་གྱིས་ འདེམས་ངོ་གཞན་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས་པའི་ཁར་ གཞལམ་སྒང་ལུ་ ཐོ་བཀོད་འབད་མི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༨,༥༦༧ ཡོད་པའི་གནས་ཚུལ།

གཞལམ་སྒང་ལས་ བཀྲིས་བསྟན་འཛིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *