གནོདཔ་བཀལ་མི་ རི་དྭགས་སེམས་ཅན་ ངོས་འཛིན་འབད་ནིའི་ ཐབས་ལམ་བཏོན་དོ་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ མོང་སྒར་ བོང་སྡེ་མ་ལུ་ རྒྱལ་སྲུང་ལས་འགུལ་ནང་ལཱ་འབད་མི་ ཕྱིའི་ལས་མི་ཅིག་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་བའི་ཤུལ་ལས་ སེམས་ཅན་དེ་ ངོས་འཛིན་འབད་ནིའི་དོན་ལུ་ པར་ཆས་བཙུགས་ཡོད་མིའི་ནང་ ཀ་ཤ་རྐྱངམ་གཅིག་ ཚུད་ཡོདཔ་ཨིན་པས།

ནགས་ཚལ་འགོ་དཔོན་ཚུ་དང་འཁྲིལཝ་ད་ གནོདཔ་བཀལ་མི་སེམས་ཅན་དེ་ གཟིག་གནགཔོ་དང་ ཡང་ཅིན་ དོམ་ལུ་ དོགས་པ་ཆགས་ཡོདཔ་ཨིན་རུང་ པར་ཆས་༢ ནང་ སེམས་ཅན་དེ་༢ མེན་པར་ ཀ་ཤ་རྐྱངམ་གཅིག་ མཐོངམ་མས་ཟེར་ཨིན་པས།

ནགས་ཚལ་གླིང་འཛིན་པ་ བདེ་ཆེད་འཕྲིན་ལས་དེ་ རྒྱལ་སྲུང་ལས་འགུལ་གྱི་ ནགས་ཚལ་ངོ་ཚབ་ཨིནམ་ད་ ཁོ་གིས་ སླབ་མིའི་ནང་ པར་ཆས་ཚུ་ ད་ལྟོ་ཡོད་པའི་ ས་གནས་ནང་བཞག་འོང་ཟེར་ཨིནམ་ད་ སེམས་ཅན་དེ་ བཟུང་ནིའི་དོན་ལུ་ གནས་སྐབས་ཀྱི་ཧིང་བཀལ་འོང་ཟེར་ཨིན་པས།

ད་ལྟོ་ སེམས་ཅན་དེ་བཞག་ནིའི་དོན་ལུ་ དྲྭ་ཁྱིམ་ཉོ་ནི་དེ་ ཡིག་ཚང་ལྟེ་བ་ལུ་ཕུལ་ཡོདཔ་ད་ སེམས་ཅན་དེ་མཐོང་པ་ཅིན་ གནས་སྐབས་ཀྱི་ཧིང་དང་ དྲན་མེད་བཟོ་ནིའི་སྨན་ ལག་ལེན་འཐབ་ཞིནམ་ལས་ གནས་ཚལ་ནང་ མ་གཏང་པའི་ཧེ་མར་ དྲྭ་ཁྱིམ་ནང་ འཛིན་བཟུང་འབད་འོང་ཟེར་ཨིན་པས།

གནོད་སྐྱོད་བྱུང་མི་ནདཔ་དེ་ སྤྱི་ཟླ་༡༡ པའི་ཚེས་༢༠ལུ་ མོང་སྒར་ལུང་ཕྱོགས་སྨན་ཁང་ནང་ལས་ བཏང་ཡོདཔ་ད་ སྐྱེས་ལོ་༥༡ ལང་མི་ ཕོ་སྐྱེས་དེ་ ཕྱི་རུ་ སྒར་ཁྱིམ་ནང་ལས་ གསང་སྤྱོད་ནང་འགྱོ་བའི་སྐབས་ ངོས་འཛིན་འབད་མ་ཚུགས་པའི་ རི་དྭགས་སེམས་ཅན་ཅིག་གིས་ གནོདཔ་བཀལ་ཡོདཔ་ཨིན་པས།

ཉམས་རྒུདཔ་ཕོ་སྐྱེས་དེ་གི་གདོང་གུ་ རྨ་སྐྱོན་བཏོན་ཡོད་པའི་ཁར་ ཡ་མཆུ་གུ་ རྨ་བཏོན་ཡོདཔ་ད་ གདོང་གི་རུ་ཏོ་ཚུ་ བཅག་དཀྲུམ་བཏང་བའི་ཁར་ སོ་༢ བཏོན་བཏང་ཡོདཔ་ད་ རྐང་ལག་གུ་ཡང་ གནོདཔ་བཀལ་ཡོདཔ་ཨིན་པས།

ནདཔ་དེ་ གནས་སྟངས་ལེགས་ཤོམ་སྦེ་ཡོད་རུང་ གཤག་བཅོས་འབད་མི་དང་འཁྲིལཝ་ད་ ཧིང་སངས་ས་སྦེ་ དྲག་ནིའི་དོན་ལུ་ དུས་ཡུན་ཟླཝ་༣ དང་༤ དེ་ཅིག་ འགོར་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *