གནས་ཚུལ་མདོེར་བསྡུས།

སྤྱི་ཟླ་༡༠ པའི་ཚེས་༡༡ ལུ་ ཐའེ་ལེནཌི་གི་རྒྱལ་ས་ བེང་ཀོག་ལུ་སྦེ་ འཛམ་གླིང་ནང་པའི་སི་ཀའུཊ་ཚོགས་སྡེའི་ ཁྲི་འཛིན་གྱིས་ གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་མཆོག་ལུ་ རྒྱལ་སྤྱི་ནང་པའི་ཞི་བདེའི་རྟགས་མ་ ཕུལ་ཡོདཔ་ད་ དེ་ཡང་ གཙུག་ལག་སློབ་དཔོན་མཆོག་གིས་ ནང་པའི་ཆོས་ཕྱོགས་ཁ་ཐུག་ལུ་ ཁྱད་དུ་འཕགས་པའི་ མཛད་འཕྲིན་བཟང་པོ་གནང་ཡོད་པའི་ ངོས་འཛིན་ལུ་ཨིན་པས།

དེ་མ་ཚད་ རྒྱལ་སྤྱི་བསམ་སྤྱོད་གཙུག་ལག་སློབ་སྡེ་གིས་ གཞུང་རིག་དང་ བསམ་སྤྱོད་ ཆོས་ལུགས་རྣམ་གཞག་ དེ་ལས་ འཛམ་གླིང་ཞི་བདེ་གོང་འཕེལ་ནང་ མཁས་དབང་གི་ གཟེངས་བསྟོད་ལག་ཁྱེར་ཡང་ ཕུལ་ནུག།

ཨེ་མི་རི་ཀ་ལུ་ གཞི་བཙུགས་འབད་མི་ རྒྱལ་སྤྱི་བསམ་སྤྱོད་གཙུག་ལག་སློབ་སྡེ་གིས་ ཁྱད་རིག་དང་གཤིས་བཟང་ཡར་སྐྱེད་ནང་ གཙུག་ལག་ཤེས་ཡོན་དང་ མཁས་དབང་གི་ གཟེངས་བསྟོད་ལག་ཁྱེར་ཚུ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *