གནས་ཚུལ་མདོས་བསྡུས།

ཡུ་ནི་སེཕ་འཛིན་སྐྱོང་བཀོད་ཚོགས་ལས་སྡེ་ལས་ འཐུས་མི་༦ འབད་མི་ སྡེ་ཚན་ཅིག་ འབྲུག་རྒྱལ་ཁབ་ནང་ འགོ་དང་པ་ ལྟ་སྐོར་ལུ་ ལྷོད་ཡོདཔ་བཞིན་དུ་ ཁ་ཙ་ འཐུས་མི་ཚུ་གིས་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ མཇལ་ཕྲད་ཞུ་ཡོདཔ་ཨིན་པས།

འཛིན་སྐྱོང་བཀོད་ཚོགས་ལས་སྡེ་དེ་ རྒྱལ་ཁབ་དང་ ལུང་ཕྱོགས་སྡེ་ཚན་ སོ་སོ་ལས་ འཛམ་གླིང་སྤྱི་ཚོགས་ནང་ གཏན་འཇགས་སྐུ་ཚབ་ཨིན་མི་ འཛིན་སྐྱོང་བཀོད་ཚོགས་ཀྱི་ གཙོ་འཛིན་དང་ གཙོ་འཛིན་འོག་མ་༤ གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ད་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ རྒྱལ་ཁབ་ནང་ལྷོད་མི་ འཐུས་མི་ཚུ་ སྤྱི་ཚེས་༢༣ ལུ་ ལོག་མ་འགྱོ་བའི་ཧེ་མར་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་འབད་ནི་ཨིནམ་མ་ཚད་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ སྤ་རོ་རྫོང་ཁག་ཚུ་ནང་ སློབ་གྲྭ་དང་ གཞི་རྟེན་སྨན་ཁང་ སྨན་ཁང་ཆེ་བ་ དགེ་འདུན་སློབ་གྲྭ་ ན་གཞོན་ལྟེ་བ་ཚུ་ནང་ ལྟ་སྐོར་འབད་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *