གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༤ པའི་ཚེས་༤ ལུ་ ཕྱི་རུའི་ཆུ་ཚོད་༣.༤༥ དེ་ཅིག་ཁར་ རླུང་འཚུབས་ཤུགས་སྦེ་འཕུ་མི་དེ་གིས་ གཞལམ་སྒང་རྫོང་ ནང་སྐོར་རྒེད་འོག་ནང་ ཁྱིམ་ལེ་ཤ་ཅིག་གི་ ཁྱིམ་ཐོག་ཚུ་ འཕྱགས་བདའ་ཡོདཔ་ལས་ ཁ་ཙ་ རྫོང་ཁག་བདག་སྐྱོང་དང་ བདེ་སྲུངཔ་ དེ་ལས་ མི་སྡེ་གིས་ ཉམས་རྒུདཔ་བཟའ་ཚང་ཚུ་ལུ་ གནས་སྐབས་ཀྱི་ རྒུད་གསོའི་མཁོ་ཆས་ཚུ་ སྐྱེལ་སྤྲོད་འབད་ཡོདཔ་མ་ཚད་ བདེ་སྲུངཔ་ཚུ་གིས་ ཁྱིམ་ཐོག་བཀབ་ནི་ལུ་ཡང་ ཆ་རོགས་འབད་ཡོདཔ་ཨིན་པས། རླུང་འཚུབས་ཀྱིས་ རྫོང་ཁག་དེ་གི་ ནང་སྐོར་དང་ བར་དོ་ འཕང་མཁར་རྒེད་འོག་ཚུ་ནང་ གཞིས་ཁང་དང་ ལྷ་ཁང་ཚུ་བརྩིས་ཏེ་ ཁྱིམ་༥༠ ལྷགཔ་ཅིག་ མེདཔ་བཏང་ཡོདཔ་ལས་ ད་ལྟོ་ ཉེན་བཅོལ་གྱི་ཐོབ་ལམ་ ག་དེམ་ཅིག་ཡོདཔ་ཨིན་ན་ བརྟག་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *