གནས་ཚུལ་མདོར་བསྡུས།

འབྲུག་ཇུ་དོ་མཐུན་ཚོགས་ཀྱིས་ འབྲུག་ཨོ་ལིམ་པིག་ཚོགས་སྡེ་དང་ ཐིབ་ཕུག་དཔལ་འཁྱིལ་སློབ་གྲྭ་གཉིས་དང་ མཉམ་འབྲེལ་ཐོག་ སྤྱི་ཟླ་༡༠ པའི་ཚེས་༡ ལུ་ སྐྱེས་ལོ་༡༤ དང་༡༢ དེ་ལས་ སྐྱེས་ལོ་༡༠ དང་༨ ཀྱི་འོག་རྒྱུའི་དོན་ལུ་ ཇུ་དོའི་འགྲན་བསྡུར་ འགོ་དང་པ་ འགོ་འདྲེན་འཐབ་མི་དེ་ཡང་ ན་ཆུང་ཚུ་གི་ ལྕོགས་གྲུབ་དང་ ལུས་རྩལ་ངོས་འཛིན་འབད་ཐབས་ལུ་ཨིནམ་ད་ རྩེད་འགྲན་བསྡོམས་༤༠ འབད་མི་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡེ་རྗེ་གིས་ ལག་ཁྱེར་དང་ གསོལ་རས་ཚུ་ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཇ་པཱན་ལས་ སའི་ས་སྡེ་ཚན་གྱི་ རྒྱབ་སྐྱོར་ཐོག་ལུ་ ཇུ་དོ་མཐུན་ཚོགས་ཀྱི་ འཐུས་མི་རྒན་ཤོས་༢ ཇ་པཱན་གྱི་ གཙུག་ལག་ཁང་ལུ་ འགྱོ་ནི་ཨིནམ་མ་ཚད་ ཆེ་རིམ་གནས་ཚད་ཀྱི་ ཇུ་དོའི་སྦྱོང་བརྡར་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ ལོག་འོངམ་ད་ འབྲུག་མི་ཚུ་གི་ ཇུ་དོའི་གནས་ཚད་ ཡར་དྲག་གཏང་ནི་དང་ ལྷོ་ཨེ་ཤི་པའི་ རྩོད་འགྲན་ཚུ་ནང་ལས་ རྟགས་མ་འཐོབ་ནི་གི་ རེ་བ་ཡོད་ཟེར་ འབྲུག་ཇུ་དོ་མཐུན་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *