གནས་ཚུལ་མདོར་བསྡུས།

༉ ཁ་ཙ་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་ ཨེསི་ཨེ་ཨེཕ་ཨེཕ་ཟེར་མི་ ལྷོ་ཨེ་ཤི་ཡའི་ ཕུཊ་བཱོལ་ཚོགས་སྡེའི་ སྐྱེས་ལོ་༡༨ མན་ཆད་འབད་མི་ རྩེད་འགྲན་མཇུག་བསྡུཝ་ད་ ནེ་པཱལ་སྡེ་ཚན་གྱིས་ རྒྱ་གར་ལུ་ གཱོལ་༢ བཙུགས་ཏེ་ ཕམ་བཏང་ཡོདཔ་བཞིན་དུ་ དེ་གི་ཧེ་མ་ རྒྱ་གར་དང་ མཱལ་ཌིབསི་སྡེ་ཚན་༢ ཡང་ ཕམ་བཏངམ་ལས་ ཨང་དང་པ་ཐོན་ཡི།
དེ་ལས་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ནེ་པཱལ་ཕམ་བཏང་མི་ འབྲུག་གི་སྡེ་ཚན་ལུ་ བང་ལ་དེཤ་གིས་ གཱོལ་༢ བཙུགས་ཏེ་ ཕམ་བཏངམ་ལས་ འབྲུག་འདི་ ཨང་༤ པ་ ཐོན་ཡོདཔ་ད་ ཨང་༢ པ་དེ་ བང་ལ་དེཤ་དང་ རྒྱ་གར་གྱིས་ ཨང་༣ པ་ཐོན་ཡོད་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *