གནས་ཚུལ་མདོར་བསྡུས།

གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ འབྲུག་ལས་ འཐུས་མི་༤ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་ཐོག་ མཱལ་ཌིབསི་གི་རྒྱལ་ས་ མ་ལི་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཚོགས་ཆུང་གི་ ཚོགས་ཐེངས་༧༠ པའི་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ ཤར་ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཚོགས་ཆུང་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འཛིན་སྐྱོང་ཚོགས་སྡེ་ཨིནམ་བཞིན་དུ་ དེ་ནང་ ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་༡༡ ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༦ ལས་༡༠ ཚུན་ འཚོགས་ནི་ཨིན་མི་ ཚོགས་ཐེངས་དེ་ནང་ བློན་པོའི་གནས་རིམ་གྱི་ མཉམ་འབྲེལ་ཞལ་འཛོམས་འཚོགསཔ་ད་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་ལུ་ གསོ་བའི་ལམ་ལུགས་ གཞི་བཙུགས་ཀྱི་སྐོར་ལས་ གསུང་གྲོས་གནང་ནི་ཨིནམ་བཞིན་དུ་ དེ་གི་དོན་ལུ་ འཐུས་མི་རྒྱལ་ཁབ་༡༡ གི་ གསོ་བའི་བློན་པོ་ཚུ་གིས་ ཤར་ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ སྤྱི་ལོ་༢༠༡༧-༢༠༢༢ ཚུན་ ལག་ལེན་འཐབ་ནི་གི་དོན་ལུ་ མ་ལི་ཁས་ལེན་གསལ་བསྒྲགས་ཅིག་ ཆ་འཇོག་འགྲུབ་གནང་ནི་ཨིན་པས།
ད་རུང་ ཞལ་འཛོམས་དེ་ནང་ འཛམ་གླིང་ནང་ གནད་འགག་ཅན་ལུ་ གྱུར་ཡོད་མི་ སྨན་གྱི་ཐོབ་སྤྱོད་དང་ མཆིན་ནད་ཧེ་པ་ཊའི་ཊིསི་ བད་ཀན་ནད་གཞི་ འབུབ་ལུ་བརྟེན་པའི་ནད་གཞི་ ལམ་འགྲུལ་ཉེན་སྲུང་ལ་སོགས་པའི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *