གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༨ པའི་ཚེས་༡༩ ལུ་ རྒྱ་གར་པུ་ནི་ལུ་ ཧི་ཊ་ཌེལ་ཨེགསི་ཊ་བཱ་གཱན་ཟ་ཟེར་བའི་ ཡོངས་གྲགས་ཅན་གྱི་ བབ་བརྗིད་འགྲན་བསྡུར་ནང་ སྐྱེས་ལོ་༡༩ ལང་མི་ བཀྲིས་ཆོས་སྒྲོན་གྱིས་ མོ་ལེགས་དྲག་ཤོས་ཀྱི་ ཨང་༢ པའི་དང་པ་ཐོན་ཡོདཔ་ད་ འཁྲབ་རྩལ་འོས་དཔྱད་ནང་ བཅའ་མར་གཏོགས་མི་༡,༥༠༠ཡོད་མི་ལས་ དོ་འགྲན་འབདཝ་ད་ བཀྲིས་ཆོས་སྒྲོན་དེ་ དྲག་ཤོས་༧ གྱི་གྲངས་སུ་ཚུད་པའི་ཤུལ་ལས་ མཐའ་བཅད་འགྲན་བསྡུར་མ་འབད་བའི་ཧེ་མར་ བཅའ་མར་གཏོགས་མི་ཚུ་གིས་ པུ་ནི་ལུ་ བདུན་ཕྲག་༡ གི་རིང་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།
རང་སོའི་བབ་བརྗིད་འགྲན་བསྡུར་སྐབས་ བོ་ལི་འུཌ་གློག་བརྙན་མཐུན་ཚོགས་ལས་ དྲང་དཔོན་ཚུ་གིས་ དབྱེ་དཔྱད་འབད་བའི་ཤུལ་ལུ་ དྲག་ཤོས་ཐོན་མི་ཚུ་ གསལ་བསྒྲགས་འབད་ཡོདཔ་ད་ བཀྲིས་ཆོས་སྒྲོན་དེ་ སྤ་རོ་ཨུཏྤལ་སློབ་གྲྭ་ཆེ་བའི་ནང་ སློབ་རིམ་༡༢ པའི་ སློབ་ཕྲུག་ཨིན་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *