༉ སྤྱི་ཟླ་༨ པའི་ཚེས་༣ ལས་༦ ཚུན་ ཤྲཱི་ལངྐ་ལུ་ སྐྱེས་ལོ་༢༡ མན་ཆད་ཀྱི་ ཨེ་ཤི་ཡཱན་ཀ་ར་ཊི་ཐེངས་༤ པ་ འགྲན་བསྡུར་འབད་བའི་སྐབས་ འབྲུག་པའི་སྡེ་ཚན་ལས་ སྐྱེས་ལོ་༡༦ ལང་མི་ ཀརྨ་རྡོ་རྗེ་གིས་ གསེར་གྱི་རྟགས་མ་ ཐོབ་མི་དེ་ འགོ་དང་པ་ཨིནམ་ད་ རྩེད་འགྲན་པ་གཞན་ དི་ཝཱན་ མོང་གར་དང་ ཚེ་རིང་དབང་ཕྱུག་གིས་ ལི་གི་རྟགས་མ་རེ་ ཐོབ་ཡོདཔ་ཨིན་པས།
གསེར་གྱི་རྟགས་མ་ཐོབ་མི་ ཀརྨ་རྡོ་རྗེ་དེ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་
དེ་བཟུམ་སྦེ་ ཀ་རི་ཊི་ཚོགས་སྡེའི་ ཀ་རི་ཊི་སློབ་སྟོན་པ་དང་ སློབ་གྲྭའི་སློབ་དཔོན་ཅིག་ཨིན་
རྒྱལ་ཁབ་ནང་ བཀྲིས་ཕུན་ཚོགས་དེ་ ཀ་ར་ཊི་གི་ རྩེད་རིགས་ནང་ རྩེད་དཔང་ཐོབ་མི་ དང་པ་ཨིན་པས།
ན་གཞོན་ཚུ་ ཁ་ཙ་ རྒྱལ་ཁབ་ནང་ ལོག་ལྷོདཔ་ད་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ལེགས་བསྟོད་ཀྱི་ ཁ་དར་གནང་ཡོད་པའི་གནས་ཚུལ།ལ།
