ཐིམ་ཕུག་ཀུན་གསལ་ཕོ་བྲང་གི་ སྟོན་པ་རྡོར་གདན་མའི་ སྐུ་འདྲའི་གདོང་ཁར་ ཁ་ཙ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དུས་ཡུན་ཟླ་ངོ་གསུམ་གྱི་རིང་ བཀའ་འགྱུར་གྱི་ ལྗགས་ལུང་གནང་ནི་ འགོ་བཙུགས་མི་དེ་ནང་ རྒྱལ་ཁབ་ནང་འཁོད་ལས་ ཆོས་སྡེ་ཁག་གི་ བླ་སློབ་དང་ དད་མོས་ཅན་སྟོང་ཕྲག་ལེ་ཤ་ཅིག་གིས་ ལུང་ཞུ་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

ཁ་ཙ་ལས་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ སྟོན་པ་རྡོར་གདན་མའི་ སྐུ་འདྲའི་ས་ཁོངས་ནང་ རྒྱལ་བའི་གསུང་རབས་ བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གནང་ནི་ འགོ་བཙུགས་ཡོདཔ་ད་ གཞུང་འཕགས་པའི་དགེ་འདུན་གྲྭ་ཚང་དང་ རྙིང་མའི་ཆོས་སྡེ་གཉིས་ཀྱི་ འགོ་འདྲེན་ཐོག་ལས་ དུས་ཡུན་ཟླ་ངོ་༣ གྱི་རིང་ གནང་ནི་ཨིན་མི་ ལྗགས་ལུང་དེ་ཡང་ དྲོ་པའི་ཆུ་ཚོད་༦:༣༠ ལས་འགོ་བཙུགས་ ཕྱི་རུ་ཆུ་ཚོད་༦:༣༠ ཚུན་ གནང་ནི་ཨིན་པའི་གནས་ཚུལ།