༉ སྤྱི་ཟླ་༧ པའི་ཚེས་༣༠ གི་ ཕྱི་རུའི་ཆུ་ཚོད་༥.༣༠ དེ་ཅིག་ཁར་ ཀུར་རི་ཟམ་པའི་ལྟག་ལུ་ ཁ་ལང་ཟིའི་ ས་གོ་ནང་ སྣུམ་འཁོར་བོ་ལི་རོ་ཅིག་ ལམ་འོག་ལས་མར་ རྦོབ་རིལ་ཡར་སོཔ་ལས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་ཅིག་ ཁ་འཐུམ་མར་བསད་ནུག།
ཚེ་འདས་བུམོ་བརྩིས་ཏེ་ ལམ་འགྲུལཔ་༥ འབག་མི་ སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་༧༠ དེ་ཅིག་གི་ས་ཁར་ རྦོབ་རིལ་སོང་ཡོདཔ་ད་ དེད་གཡོགཔ་དང་ ཕོ་སྐྱེས་༡ དེ་ལས་ ཨམ་སྲུ་༢ ད་ལྟོ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་དང་ བརྟག་དཔྱད་ཚུ་ འབད་བའི་བསྒང་འདུག།
ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་དེ་ ཀུར་རི་ཟམ་པ་ལས་ མོང་སྒར་ཁ་ཐུག་ལུ་ ལོག་འགྱོ་བའི་སྐབས་ རྐྱེན་ངན་བྱུང་ནུག་ཟེར་ཨིནམ་ད་ དེ་བསྒང་ ཚེ་འདས་བུམོ་དེ་ སྤུན་ཆ་ཚུ་དང་མཉམ་ མོང་སྒར་ལས་ ས་གླིང་རྒེད་འོག་ ཁྲི་དྭངས་སྦི་གཡུས་ཚན་ནང་ ཉེ་མཚན་ཕྱད་པར་སོང་ནུག་ཟེར་ ཨིན་པའི་གནས་ཚུལ།
