སྤྱི་ཟླ་༡༢ པའི་ཚེས་༢༦ ལས་ ཐིམ་ཕུག་ལུ་འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ཀ་ར་ཏི་རྩེད་འགྲན་ཐེངས་༢ པའི་ནང་ སྤ་རོ་དང་ ཐིམ་ཕུག་ བསམ་རྩེ་ བསམ་གྲུབ་ལྗོངས་མཁར་ ཀྲོང་གསར་ བཀྲིས་སྒང་ སྤུ་ན་ཁ་ དེ་ལས་ ཆུ་ཁ་རྫོང་ཁག་ལས་ སློབ་ཕྲུག་༢༧༥ གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
འབྲུག་ཀ་ར་ཏི་ཚོགས་པ་གིས་ འགོ་འདྲེན་འཐབ་མི་ ཉིན་གྲངས་༣ གྱི་ ལས་རིམ་དེ་ ནངས་པར་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
