༉ སྤྱི་ཟླ་༡༢ པའི་ཚེས་༢༤ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བསམ་གྲུབ་ལྗོངས་མཁར་ དྲི་མེད་རྣམ་གཉིས་མཆོད་རྟེན་ལུ་ བཀྲིས་རབ་གནས་མཛད་གནང་ཡོདཔ་ད་ རིང་ཚད་ཕིཌ་༥༠ འབད་མི་ མཆོད་རྟེན་དེ་ ཤར་ཕྱོགས་ཕི་རོ་སི་ལི་ཀཱོན་དང་ འབྲུག་ཤར་ཕྱོགས་རྡོ་སོལ་སྒེར་སྡེ་ལས་སྡེའི་ཇོ་བདག་ བསོད་ནམས་འབྲུག་པ་གིས་ བཞེངས་ཡོདཔ་ཨིན་པས།
དངུལ་ཀྲམ་ས་ཡ་༨.༥ དེ་ཅིག་གི་ཐོག་ལས་ བསམ་གྲུབ་ལྗོངས་མཁར་མི་སྡེའི་ ངལ་སངས་ལྟེ་བའི་ནང་ བཞེངས་ཡོད་མི་ མཆོད་རྟེན་དེ་ སྤྱིར་བཏང་མི་མང་གིས་ ཕྱག་མཆོད་ཕུལ་སའི་ རྟེན་རྐྱངམ་གཅིག་མེན་པར་ ལྟ་བཤལཔ་ཚུ་གི་དོན་ལུ་ ས་གོ་གལ་གནད་ཅན་ཅིག་ལུ་ འགྱུར་ནི་གི་ འོས་འབབ་ཡོད་པའི་གནས་ཚུལ།
