གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱ་གར་གཞུང་གི་ དཔལ་འབྱོར་དང་ ཚོང་འབྲེལ་དྲུང་ཆེན་དང་པ་ ཨེསི་ཀོ་བིན་དཱན་གྱིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་མདོ་ཆེན་ རིན་ཆེན་དབང་འདུས་ལུ་ པི་ཊི་ཨེ་ཟེར་མི་ མཉམ་འབྲེལ་གྲོགས་རམ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༣༠༨.༤ གནས་པའི་ དངུལ་འཛིན་ཅེག་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
མ་དངུལ་དེ་ཡང་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ བདེ་སྐྱིད་གླིང་གློག་མེ་སྦྱོང་བརྡར་སྤེལ་ཁང་ བཟོ་སྐྲུན་འབད་ནིའི་ནང་ ལག་ལེན་འཐབ་ནི་ཨིནམ་བཞིན་དུ་ ད་རེས་ རྒྱ་གར་གཞུང་གིས་ གྲོགས་རམ་བྱིན་མི་དེ་ འཆར་གཞི་༡༢ པའི་ནང་ འགོ་དང་པ་ ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *