གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ རྒྱ་གར་གྱི་མངའ་སྡེ་ བི་ཧར་གྱི་ས་གནས་ བོཌ་ག་ཡ་ཟེར་ རྡོ་རྗེ་གདན་ལུ་ཡོད་པའི་ འབྲུག་པའི་ལྷ་ཁང་གི་ ཉམས་གསོའི་ལཱ་ཚུ་ མཇུག་བསྡུ་མི་དང་འབྲེལ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲིས་རབ་གནས་མཛད་ཡོདཔ་ད་ ལྷ་ཁང་ཕྱི་ཁའི་ཚོན་དང་ ནང་ནའི་ལྡེབས་རིས་ཚུ་ ཉམས་གསོ་ཞུ་ཡོདཔ་མ་ཚད་ མགྱོན་ཁྱིམ་ཅིག་ཡང་ རྐྱབ་ཡོདཔ་ཨིན་པས། འབྲུག་པའི་ལྷ་ཁང་དེ་ སྤྱི་ལོ་༡༩༨༣ ལུ་ བཞེངས་ཡོདཔ་བཞིན་དུ་ རྗེ་མཁན་ཁྲི་རབས་༦༦ པ་ ཞིང་གཤེགས་སྐྱབས་རྗེ་ ཉི་ཟེར་སྤྲུལ་སྐུ་ འཕྲིན་ལས་ལྷུན་གྲུབ་མཆོག་གིས་ རབ་གནས་མཛད་ཡོདཔ་ད་ ད་རེས་ ལྷ་ཁང་དེ་ནང་ བླམ་དང་སློབ་དཔོན་བརྩིས་ཏེ་ དགེ་སློང་༧ དེ་ཅིག་ཡོད་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *