གནས་ཚུལ་མདོར་བསྡུས།

དཀའ་སྡུག་ཅན་གྱི་ གནས་སྟངས་ཚུ་ནང་ ཨམ་སྲུ་དང་ ཨ་ལོ་ཚུ་ལུ་ ཕན་ནུས་ཆེ་བའི་ ཉེན་སྐྱོབ་ཡོདཔ་ ངེས་བརྟན་བཟོ་ཐབས་ལུ་ རྒྱལ་ཡོངས་ཨམ་སྲུ་དང་ ཨ་ལོ་ལྷན་ཚོགས་ཀྱིས་ གནས་ཚད་དང་ལྡན་པའི་ ལག་ལེན་གྱི་ བྱ་བའི་གནད་སྤྱོད་ཅིག་ བརྩམས་ཡོདཔ་ད་ དེ་གི་སྐོར་ལས་ ཁ་ཙ་ བཀྲིས་སྒང་ལུ་ ཉིན་གྲངས་༡ གི་རིང་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ནང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ བསམ་གྲུབ་ལྗོངས་མཁར་ ལྷུན་རྩེ་ པདྨ་དགའ་ཚལ་ བུམ་ཐང་རྫོང་ཁག་ཚུ་ལས་ སློབ་གྲྭའི་བསླབ་སྟོན་པ་༣༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བསྒང་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བྱ་བའི་གནད་སྤྱོད་ཀྱི་ གོ་བརྡའི་ལས་རིམ་ནང་ བཅའ་མར་གཏོགས་མི་ བསླབ་སྟོན་པ་ཚུ་དང་ ཞལ་འདྲིས་གནང་ཡོད་པའི་གནས་ཚུལ།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *