སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྒྱ་གར་ རཱཇ་གིར་ལུ་ འབྲུག་པའི་ལྷ་ཁང་གསར་བཞེངས་དོན་ལུ་ ས་བསླང་རྟེན་འབྲེལ་མཛད་གནངམ་མ་ཚད་ སྨོན་ལམ་ཆེན་མོའི་ དབུ་བཞུགས་གནང་པའི་ཤུལ་ལས་ ཁ་ཙ་ ལོག་རྒྱལ་ཁབ་ནང་ ཕེབས་ཅི།
དེ་བསྒང་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་ ནང་སྲིད་བློན་པོ་ དྲགོས་ཤེས་རབ་རྒྱལ་མཚན་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ དེ་ལས་ གཞུང་གི་འགོ་དཔོན་ཚུ་གིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ཕེབས་བསུ་ཞུ་ཡོད་པའི་གནས་ཚུལ།