ད་ལྟོ་ འབྲུག་ན་ཟུག་འཇོམས་བྱེད་སྡེ་ཚན་དེ་ ཐའི་ལེནཌ་ལུ་ བདུན་ཕྲག་གཉིས་ཀྱི་རིང་ ཚབས་ཆེན་སྨན་བཅོས་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ སྡེ་ཚན་གྱིས་ ནད་རིགས་སྣ་ཚོགས་ཀྱིས་ན་བའི་ ནདཔ་ཚུ་གི་ སྡུག་བསྔལ་ཚུ་ འཇོམས་ཞིནམ་ལས་ མི་ཚེའི་གནས་སྟངས་གྱི་སྤུས་ཚད་ ཡར་དྲག་གཏང་ནིའི་ སྨན་བཅོས་འབད་ཐངས་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ཚུ་ རྒྱལ་ཁབ་ནང་ ལོག་ལྷོད་ཞིནམ་ལས་ འབྲུག་ལུ་ ཡུན་བརྟན་གནས་ཚུགས་པའི་ ཟུག་འཇོམས་སྨན་བཅོས་ཡོངས་འབྲེལ་དང་པ་ བཟོ་ནི་གི་ རེ་བ་ཡོདཔ་ད་ འབྲུག་གི་སྡེ་ཚན་དེ་ མི་དབང་རྒྱལ་སྲསམོ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་དང་ ཨ་ཞེ་དཔལམོ་དཔལམོ་དབང་ཕྱུག་ ཁུན་ཡིང་ ཆོམ་ནོང་ཤི་རི་ དེ་ལས་ ཅི་བ་མིཊ་མི་སྡེ་ཚང་ལས་ཀྱིས་ མ་དངུལ་རྒྱབ་སྐྱོར་གནང་ཡོད་པའི་གནས་ཚུལ།
