ཁ་ཙ་ སྤ་རོ་བཙན་ཏོག་རྒེད་འོག་ལྟེ་བའི་ནང་ རྒེད་འོག་གསུམ་ལས་ འབག་འོང་མི་ དབྱར་རྩྭ་དགུན་འབུབ་ཚུ་ རིན་བསྡུར་ཐོག་ལས་ བཙོང་པའི་སྐབས་ གོང་ཚད་མཐོ་ཤོས་ར་ ཀེ་ཇི་༡ ལུ་ དངུལ་ཀྲམ་༩༧༠,༠༠༠ དང་ དམའ་ཤོས་དངུལ་ཀྲམ་༣༡༥,༠༠༠ ཐོབ་ཡོདཔ་ཨིན་པས།
མ་གཞི་ དབྱར་རྩྭ་དགུན་འབུབ་འབག་འོང་མི་ ཨམ་སྲུ་ཅིག་གིས་ རིན་བསྡུར་ཐོག་ལས་ བཙོང་པའི་སྐབས་ ཕྱིར་བཏོན་འབདཝ་ལས་ བྲེལ་ཟིང་བྱུང་རུང་ ལོག་རིན་བསྡུར་འབད་བའི་སྐབས་ ཉོ་མི་༣༤ གིས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་མི་༢༢༩ གི་ ཐོན་སྐྱེད་བསྡོམས་ཀེ་ཇི་༦.༧༡༦ ལུ་ དངུལ་ཀྲམ་ས་ཡ་༢.༥༨༥ སྤྲོད་དེ་ ཉོ་ནུག།
ས་ཁར་མཐོ་སར་སྡོད་མི་ སྲོས་རྒེད་འོག་ལས་ མི་༡༠༨ ཀྱིས་ དབྱར་རྩྭ་དགུན་འབུབ་རིན་བསྡུར་ནང་ འབག་འོང་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ར་ བཙན་ཏོག་རྒེད་འོག་ལས་ མི་༡༠༦ དང་ རྡོ་སྟེང་རྒེད་འོག་ལས་༣༣ གྱིས་ འབག་འོང་ཡོད་པའི་གནས་ཚུལ།
