གནས་ཚུལ་མདོར་བསྡུས།

ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ རྒྱ་གར་གནས་ཆེན་རྡོ་རྗེ་གདན་བརྒྱུད་དེ་ རཱཇ་གིར་ལུ་བྱོནམ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ལས་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ དེ་ལས་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ ཇའི་དིབ་སར་ཀར་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ཞབས་སྐྱེལ་གནང་ཡོདཔ་ད་ སྐྱབས་རྗེ་རྗེ་མཁན་མཆོག་ གཱ་ཡ་གནམ་གྲུ་ཐང་ནང་ཕེབས་ད་ བི་ཧར་མངའ་སྡེའི་ སོ་ནམ་བློན་པོ་ པེ་རེམ་ཀུ་མར་གྱིས་ ཕེབས་བསུ་ཞུ་ཡོདཔ་ད་ སྐྱབས་རྗེ་མཆོག་གིས་ སྤྱི་ཟླ་༡༡ པའི་ཚེས་༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་འབྲེལ་ རྒྱལ་པོའི་ཁབ་ལུ་ ལྷ་ཁང་བཞེངས་ནིའི་ ས་བསླང་རྟེན་འབྲེལ་མཛད་གནང་ནི་དང་ སྤྱི་ཚེས་༡༢ ལས་ སྨོན་ལམ་ཆེན་མོ་དབུ་བཞུགས་མཛད་གནང་ནིཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *