གནས་ཚུལ་མདོར་བསྡུས།

ཁ་ཙ་ ཨ་མོ་ཆུ་ས་ཁོངས་ནང་ ཕུན་ཚོགས་གླིང་ཁྲོམ་སྡེ་གོང་འཕེལ་ལས་འགུལ་གྱི་ གོ་རིམ་དང་པའི་ ས་སླང་རྟེན་འབྲེལ་བརྩི་ཐོག་ལས་ བཟོ་སྐྲུན་ལཱ་འགོ་བཙུགས་ཡོདཔ་ད་ ས་ཆ་ཨེ་ཀར་བསྡོམས་༡༦༢.༨༨ འབད་མིའི་ནང་ གོང་འཕེལ་གྱི་ལས་སྣ་ ཆུ་བྱག་རྐྱབ་ནི་དང་ གྱང་རྩིག་རྐྱབ་ནི་ གཙང་ཆུའི་མཐའམ་བདའ་སྟེ་ ས་བླུག་ནི་ དེ་ལས་ ས་ཁོངས་མཛེས་ཆ་དང་ལྡནམ་སྦེ་ བཟོ་ནི་ཨིན་པས།
ལས་འགུལ་དེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ འཛིན་སྐྱོང་ཐོག་ ཁག་འབག་གི་ལཱ་དེ་ རྒྱ་གར་ལུ་ཡོད་མི་ ཨེཕ་ཀོནསུ་གཞི་རྟེན་ཚད་འཛིན་ལུ་ སྤྲོད་ཡོདཔ་ད་ ལཱ་དེ་གི་དོན་ལུ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གྲོགས་རམ་མ་དངུལ་ ཡུ་ཨེསི་ཌོ་ལར་ས་ཡ་༢༤.༢༦ དང་ སྐྱིན་འགྲུལ་ཡུ་ཨེསི་ཌོ་ལར་ས་ཡ་༢༨.༧༤ འབདཝ་ད་ མ་དངུལ་བརྒྱ་ཆ་༧༠ དང་ འབྲུག་གཞུང་གི་ཁ་ཐུག་ལས་ མ་དངུལ་བརྒྱ་ཆ་༣༠ ལྷན་ཐབས་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *