ཁ་ཙ་ ཆུ་ཁ་སློབ་གྲྭ་ལྟེ་བའི་ནང་སྦེ་ ཆུ་ཁ་རྫོང་ཁག་གི་ ལས་ཁུངས་ཁག་གི་ ལག་རྩེད་བཱོལ་ལི་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་མིའི་ མཐའ་བཅད་ནང་ རྩི་མ་ལ་ཁ་སྨན་ཁང་སྡེ་ཚན་གྱིས་ སྐུགས་༢༥ འབད་མི་ རྩེད་ཐེངས་ཚར་༣ ཆོད་དེ་ རྩི་མ་གཤམ་ན་གཞོན་གོང་འཕེལ་དང་ བསྐྱར་གསོ་ལྟེ་བའི་སྡེ་ཚན་ ཕམ་བཏང་ཡོདཔ་ཨིན་པས།
ཨང་དང་པ་ཐོན་མི་ སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ དང་ ཨང་༢ པ་ཐོན་མི་ སྡེ་ཚན་ལུ་ དངུལ་ཀྲམ་༧,༠༠༠ བྱིན་ཡོདཔ་ད་ རྩེད་འགྲན་ནང་ སྡེ་ཚན་༡༡ གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ འགྲན་བསྡུར་དེ་ དངོས་གྲུབ་རྩེ་རྩེད་རིགས་ཚོགས་པ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།
